སྡུག་ཀྱང་སྡུག་མདོག་མི་སྟོན་དམ་པ་ཡི་རང་ཚུགས།། འབྱོར་ཀྱང་མགོ་འཕངས་མི་མཐོ་མཁས་པ་ཡི་མཁྱེན་རྒྱ།། སྨྲས་ཀྱང་ཕོག་ཐུག་མི་བཟོ་ཐབས་མཁས་ཀྱི་ཤེས་རབ།། བསམས་ཀྱང་ཕྱི་རུ་མི་མངོན་མཛངས་པ་ཡི་བློ་འཐུ།།