
作词 : 宫巴
作曲 : 宫巴
编曲 : 俄金朋措
ངས་ལྭ་བ་གསར་བ་དེ་གྱོན་ནས་ཉི་མ་གསར་བ་དེའི་མགོ་བོ་བརྩམས་ཏེ།
གར་སྟེགས་ཀྱི་ལྟེ་བ་རུ་ལྡིང་ནས་དགའ་བའི་བསྐོར་ར་ལ་ལེན་གསུམ་བརྒྱབས་ནས།
ང་དང་མཉམ་ལ་ཤོག། ལག་པ་ཡར་ལ་ཁྱོགས།
པ་ཏྲ་ཧེ། པ་ཏྲ་ཧེ། པ་ཏྲ་ཧེ།
སེམས་པ་ལྷོད་ལ་བོབས། གཟུགས་པོ་མཉམ་ལ་གཡུག།
པ་ཏྲ་ཧེ། པ་ཏྲ་ཧེ། པ་ཏྲ་ཧེ།
འབྲུ་དཀར་རྩམ་པས་གསོས་པའི་འབྲོག་པའི་བུ་དེས་།
འཛམ་པའི་གླིང་ན་གྲགས་པའི་གླུ་རེ་བྲིས་།
ཁོ་ཚོ་ཚང་མས་ང་ལ་ཡིད་སྨོན་ཤོར་ཐལ་།
སྙིང་རླུང་སྟོད་ལ་འཕྱུར་ཡང་བཀོད་པ་མེད།
ང་ལ་བཀོད་པ་མེད།
རང་ཤི་རང་གིས་རྒྱག་པའི་ཕོ་རོག་།
ད་ཁྱོད་ལ་ངོ་ཚ་ཡ་ཡོད་མ་རེད་ཟེར་གོ།
ང་ཚོའི་ཕམ་ཁ་ཡོད་ཚད་སྡུག་གྱོང་རེད་ཟེར།
ཁོ་ཚོའི་དམིགས་པ་དེ་གཏམ་རྒྱུད་ངོ་མ་དེ་མ་རེད་ལ་གཡོ་སྒྱུ་ཁྲམ་གསུམ་གྱི་མིག་དེ་རེད་ཟེར།
བསམ་པ་དཀར་ལ་རྒྱུ་བ་ནག་པའི་སྟེགས་བུ་ཐོག་གི་ཞི་ལ་ཁྲ་བོ།
མཛེས་མཛེས་མི་ལ་ངོམ་ཚར་རྗེས་སྐྱག་པ་དེ་བསྐུང་རྒྱུ་མ་བརྗེད།
ད་ཁྱོད་ཚོ་ཚང་མ་པ་ཏྲ་ཧེ།
ངས་ལྭ་བ་གསར་བ་དེ་གྱོན་ནས་ཉི་མ་གསར་བ་དེའི་མགོ་བོ་བརྩམས་ཏེ།
གར་སྟེགས་ཀྱི་ལྟེ་བ་རུ་ལྡིང་ནས་དགའ་བའི་བསྐོར་ར་ལ་ལེན་གསུམ་བརྒྱབས་ནས།
ང་དང་མཉམ་ལ་ཤོག། ལག་པ་ཡར་ལ་ཁྱོགས།
པ་ཏྲ་ཧེ། པ་ཏྲ་ཧེ། པ་ཏྲ་ཧེ།
སེམས་པ་ལྷོད་ལ་བོབས། གཟུགས་པོ་མཉམ་ལ་གཡུག།
པ་ཏྲ་ཧེ། པ་ཏྲ་ཧེ། པ་ཏྲ་ཧེ།
ང་དང་མཉམ་ལ་ཤོག། ལག་པ་ཡར་ལ་ཁྱོགས།
པ་ཏྲ་ཧེ། པ་ཏྲ་ཧེ། པ་ཏྲ་ཧེ།
སེམས་པ་ལྷོད་ལ་བོབས། གཟུགས་པོ་མཉམ་ལ་གཡུག།
པ་ཏྲ་ཧེ། པ་ཏྲ་ཧེ། པ་ཏྲ་ཧེ།
WIND-FIRE MUSIC
和声编写:宫巴
混音:俄金朋措
混音室:WIND FIRE MUSIC
母带:俄金朋措
录音:俄金朋措
录音室:WIND FIRE MUSIC
出品:成都风与火文化传播有限公司