
作词 : 岗华
作曲 : 才让东珠
ནང་ཕུ་ནུ་མདའ་མོའི་སྐྱོར་ཡ་དྲན།
ཚིག གངས་དཔལ་གྱིས་བརྩམས།
དབྱངས། ཚེ་རིང་དོན་འགྲུབ་ཀྱིས་བརྩམས།
གཞས་མཁན། ཚེ་རིང་དོན་འགྲུབ།
ས་གང་སྐྱིད་རང་ཡུལ་ལུང་པ་རེད།།
ནང་ཕུ་ནུ་མེད་ན་གཞན་ཡུལ་རེད།།
ནང་ཕུ་ནུར་གྱེས་པས་སེམས་པ་སྡུག།
སྡུག་ཡི་ཆད་མྱོང་བ་སུ་ལ་བཤད།།
རྩྭ་འཇག་མའི་ཐང་ལ་གླུ་རེ་བླངས།།
རླུང་བསེར་བུ་ངེད་གཉིས་བསམ་པ་རེད།།
རྩྭ་འཇག་མའི་ཐང་ལ་གླུ་རེ་བླངས།།
རླུང་བསེར་བུ་ངེད་གཉིས་བསམ་པ་རེད།།
རླུང་བསེར་བུ་ངེད་གཉིས་བསམ་པ་རེད།།
མཐོ་ནམ་མཁའ་ཡངས་ཡང་བྱ་ལམ་དོག།
ས་དོག་མོ་ཆེ་ཡང་སྐྱ་ལམ་དོག།
ནང་ཕུ་ནུ་མདའ་མོའི་སྐྱོར་ཡ་དྲན།།
དེ་དྲན་པའི་མོད་ལ་ཨ་རེ་སྐྱོ།།
སྨུག་ལང་ལོང་ན་བུན་གོས་གོན་མ།།
ཆར་བསིལ་མ་ངེད་གཉིས་བསམ་པ་རེད།
སྨུག་ལང་ལོང་ན་བུན་གོས་གོན་མ།།
ཆར་བསིལ་མ་ངེད་གཉིས་བསམ་པ་རེད།།།
ཆར་བསིལ་མ་ངེད་གཉིས་བསམ་པ་རེད།།
ཁམས་དམྱལ་བའི་སྡུག་བསྔལ་ཆེ་རབས་ཟེར།།
ཁམས་དམྱལ་བའི་སྡུག་བསྔལ་ཆེ་ན་ཆེ།།
སྐྱིད་དགའ་སྡུག་ལས་དབང་མགོ་སྦྲེལ་རེད།།
ནང་ཕུ་ནུ་མེད་ན་ཇེ་སྡུག་རེད།།
སེམས་གངས་དཀར་རི་ལ་ཁ་བ་རེད།།
ལུས་འབྱུང་བཞི་འཁྱག་ན་དབང་མེད་རེད།།
སེམས་གངས་དཀར་རི་ལ་ཁ་བ་རེད།།
ལུས་འབྱུང་བཞི་འཁྱག་ན་དབང་མེད་རེད།།
ལུས་འབྱུང་བཞི་འཁྱག་ན་དབང་མེད་རེད།།