
作词 : 扎西松保
作曲 : 智王桑珠
编曲 : 旦周传媒
和声:巴达·索南
录音后期:旦周传媒
夺玛·文次闹布:
སྟོད་མངའ་རིས་ས་ཡི་ལྟེ་བ་རུ།
གནས་གངས་དཀར་ཏི་སེ་སྐོར་དུ་འགྲོ།
མགོ་ཝ་ཞྭ་ཕུད་ནས་ཕྱག་གསུམ་འཚལ།
ཆོས་ཚེ་ས་གཉིད་དུ་མེད་པའི་དོན།
ཡིད་ཅི་བསམ་འགྲུབ་པའི་སྨོན་ལམ་འདེབས།
ཡ། ང་ཚོ་འགྲོ། གནས་སྐོར་ལ་འགྲོ།
ཡ། ཁོ་རེ་འགྲོ། གནས་སྐོར་ལ་འགྲོ།
འགྲོ། སྐོར་ལ་འགྲོ། མ་ཎི་སྐོར་ལ་འགྲོ།
རྒྱ་ནག་པདྨའི་སྐོར།
巴金旺甲:
ང་ཚོ་སྐོར་ར་ལ་འགྲོ། མ་ཎི། བསྔོ་བ།
འགྲོ་བ་སེམས་ཅན་ཐམས་ཅད་ལ་གསོལ་འདེབས་དང་སྨོན་ལམ།
ཚེ་དང་ཕྱི་མ་ལས་དང་ལམ་འགྲོ་བསམ་དོན་ཆོས་བཞིན་འགྲུབ་པར་ཤོག
ལུས་ལ་ན་ཆ་མེད་པར་ཤོག
སེམས་ལ་སྡུག་བསྔལ་མེད་པར་ཤོག
བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག
ནད་མེད་ཚེ་རིང་ཡོངས་བའི་བཀྲ་ཤིས་ཤོག
ཕ་མ་བུ་འཛོམས་ཡོང་བའི་བཀྲ་ཤིས་ཤོག
ཤོག་ཤོག
དུས་ནམ་ཡང་འཛོམས་པའི་བཀྲ་ཤིས་སྨོན་འདུན་ཞུ།
རྗེ་བླ་མ་སྐུ་ཚེ་རིང་བར་ཤོག
ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག
མ་དང་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག
ཆོས་སྐྱོང་སྲུང་མ་རྣམ་ཀྱི་བཀྲ་ཤིས་ཤོག
夺玛·文次闹布:
མཛེས་ས་ལའི་སྨན་གྱི་ཡུལ་ལྗོངས་དུ།
གནས་ཁ་བ་དཀར་པོ་མཇལ་དུ་འགྲོ།
ལག་ཐལ་མོ་བརྒྱབ་ནས་ཕྱག་གསུམ་འཚལ།
གནས་ཚེ་ལ་མྱུར་དུ་མེད་ཀྱི་ནས།
མ་འགྲོ་བ་བདེ་བའི་སྨོན་ལམ་འདེབས།
ཡ། ང་ཚོ་འགྲོ། གནས་སྐོར་ལ་འགྲོ།
ཡ། ཁོ་རེ་འགྲོ། གནས་སྐོར་ལ་འགྲོ།
འགྲོ། སྐོར་ལ་འགྲོ། མ་ཎི་སྐོར་ལ་འགྲོ།
རྒྱ་ནག་པདྨའི་སྐོར།
འགྲོ། འགྲོ། འགྲོ། སྐོར་ལ་འགྲོ།
འགྲོ། འགྲོ། འགྲོ། མ་ཎི་སྐོར།
ཡུལ་མདོ་སྨད་རྟ་ཡི་ཆོལ་ཁ་རུ།
གནས་རྨ་ཆེན་གངས་རི་སྐོར་དུ་འགྲོ།
ཡུལ་གུས་པའི་མཆོད་པ་ལན་གསུམ་འབུལ།
ནད་ཚེ་ལ་མྱུར་དུ་མེད་ཀྱི་ན།
ཡུལ་ཁམས་མཛེས་ཡོང་བའི་སྨོན་ལམ་འདེབས།
ཡ། ང་ཚོ་འགྲོ། གནས་སྐོར་ལ་འགྲོ།
ཡ། ཁོ་རེ་འགྲོ། གནས་སྐོར་ལ་འགྲོ།
འགྲོ། སྐོར་ལ་འགྲོ། མ་ཎི་སྐོར་ལ་འགྲོ།
རྒྱ་ནག་པདྨའི་སྐོར།
ཡ། ང་ཚོ་འགྲོ། གནས་སྐོར་ལ་འགྲོ།
ཡ། ཁོ་རེ་འགྲོ། གནས་སྐོར་ལ་འགྲོ།
འགྲོ། སྐོར་ལ་འགྲོ། མ་ཎི་སྐོར་ལ་འགྲོ།
རྒྱ་ནག་པདྨའི་སྐོར།
འགྲོ། སྐོར་ལ་འགྲོ། མ་ཎི་སྐོར་ལ་འགྲོ།
རྒྱ་ནག་པདྨའི་ལ་འགྲོ།
རྒྱ་ནག་པདྨའི་སྐོར་ལ་ལ་འགྲོ།