
作词 : 外懂
作曲 : 藏乐圈
མ་བསམ་ལས་ཀྱིས་མཐུན་པའི།
ཆུང་འདྲིས་ཞེ་ཐོགས་ཞེ་མཐུན།
མཐུན་པ་མཐུན་པའི་སྟེང་ལ།
ཚིག་གི་མདུད་ནག་བརྒྱབས་ཡོད།
མི་ཁས་མི་སེམས་བསད་ཀྱང་།
སེམས་པ་སྲུང་བའི་མི་ཡིན།
མ་མཐོང་ལོ་ཟླ་འདས་ན།
བདག་སེམས་ཉིན་སྐྱོ་མཚན་སྐྱོ།
སེམས་ནས་གླེང་བའི་མི་དེ།
དྲན་དྲན་ཚོད་ཀྱིས་མི་ཟིན།
ཉིན་ཉིན་གླེང་དགོས་བྱུང་ན།
ནངས་སྐྱོ་དགུང་སྐྱོ་བྱས་སོང་།
ཨོ་ཨོ། ཨོ་ཨོ། ཨོ་ཨོ་ཡ།
ཚེ་རབས་གཏན་གྱི་ཁྱེད་ལ།
འཆིང་ཟྭ་འཆིང་ཐག་བརྒྱབས་ཡོད།
མི་ཡུལ་ཁམས་ལ་ཐོན་དུས།
རྣམ་ཤེས་གཞན་ལ་འཁོར་སོང་།
གོམ་གསུམ་གོམ་པའི་ནང་གི
མི་འགྱུར་ཚིག་ཐོག་མནའ་ཡིན།
ཚེ་སྟོད་ཚེ་སྨད་རྫོགས་ཀྱང་།
ཞེ་འདང་ཆགས་སའི་མི་ཡིན།
ཉིན་ཞག་མཛུབ་གུས་རྩིས་ན།
ད་ལོར་དངོས་ནས་དྲན་གི
ཁང་སྟོང་ནང་གི་སེམས་སྟོང་།
སྔོན་མོ་ཆུ་ལས་འཁྱག་རེད།
ཆུ་ལས་འཁྱག་པའི་སེམས་པ།
ཕྱི་འདར་ནང་འདར་བྱས་སོང་།
ཨོ་ཨོ། ཨོ་ཨོ། ཨོ་ཨོ་ཡ།
སྐྱེ་བ་གཞུག་མའི་ཚེ་ལ།
མཇལ་འཛོམས་སྨོན་ལམ་ཞུས་ཡོད།
ཨོ་ཨོ། ཨོ་ཨོ། ཨོ་ཨོ་ཡ།
སྐྱེ་བ་གཞུག་མའི་ཚེ་ལ།
མཇལ་འཛོམས་སྨོན་ལམ་ཞུས་ཡོད།