
作词 : 索扎
作曲 : 索扎
编曲 : yutaka
编曲:Yutaka
混音:不想睡觉的Sleep
统筹:姜迪安娜
监制:成都威士达文化传媒有限公司
རྟ་རྒོད་པོ་ཞོན་ནས་བྱང་ལམ་གཅོད་གོ་དུས།།
ཐང་ཆེན་པོའི་དཀྱིལ་ནས་བང་རྩལ་ངོམ་འདོད་གི།
སྡེ་ཆེན་པོ་ཞིག་གི་སྡེ་མཐའ་འགྲིམ་གོ་དུས།།
སྦྲ་སྨུག་པོའི་འདབས་ནས་བརྩེ་བ་ལུས་འགྲོ་གི།
ཕ་རའི་སྤང་གི་བུ་མོ་མེ་ཏོག
ང་ལ་སྐད་འཕྲིན་འབྲེལ་ན་ཨེ་ཆོག
རྩྭ་ཐང་སྟེང་ན་བརྡ་རྟགས་མེད་ཟེར་ནས།
ང་ལ་མགོ་གཡོག་རྒྱུའི་ཟེར་ན་མི་ཆོག
སྐལ་བཟང་མེ་ཏོག་ཐོག་མའི་ལག་སྐྱེས་བྱས་ན་ཨེ་ཆོག
གཞས་མ་གཏམ་འདིའི་ང་ཡི་ཡིད་སེམས་མཚོན་ན་ཨེ་ཆོག
ང་མྱི་འཁྱམ་པོ་དབུལ་བོ་ཞིག་ཡིན་རུང་སེམས་དྲོན་མོ་ཁྱེར་ལ་སྟེར་ན་འདོད་གི
གཡུ་བྱུ་རུའི་སྐེ་རྒྱན་མེད་རུང་།
གསེར་དངུལ་གྱི་མཛུབ་དཀྲིས་མེད་རུང་།
ང་ཡི་བརྩེ་སེམས་དྲོན་འདི་དང་དུ་ལེན་རོགས།
རྟ་རྒོད་པོ་ཞོན་ནས་བྱང་ལམ་གཅོད་གོ་དུས།།
ཐང་ཆེན་པོའི་དཀྱིལ་ནས་བང་རྩལ་ངོམ་འདོད་གི།
སྡེ་ཆེན་པོ་ཞིག་གི་སྡེ་མཐའ་འགྲིམ་གོ་དུས།།
སྦྲ་སྨུག་པོའི་འདབས་ནས་བརྩེ་བ་ལུས་འགྲོ་གི།
ས་ཁ་ཐག་རིང་རུང་།
སེམས་བར་ཐག་ཉེ་ན་ལོས་ཆོག
ཁྱེད་ནི་རྩྭ་ཐང་འདིའི་ཟླ་བའི་ནང་གི་ལྷ་མོ།
ངའི་དྲན་གདུང་གི་རི་བོང་སྙིང་ལ་རྗེ་བོ།
ཁྱོའི་པང་ཁུག་ཏུ་འཛུལ་ཨེ་ཆོག
རྟ་རྒོད་པོ་ཞོན་ནས་བྱང་ལམ་གཅོད་གོ་དུས།།
ཐང་ཆེན་པོའི་དཀྱིལ་ནས་བང་རྩལ་ངོམ་འདོད་གི།
སྡེ་ཆེན་པོ་ཞིག་གི་སྡེ་མཐའ་འགྲིམ་གོ་དུས།།
སྦྲ་སྨུག་པོའི་འདབས་ནས་བརྩེ་བ་ལུས་འགྲོ་གི།
未经作者授权