作词 : 金典藏歌
作曲 : 金典藏歌
编曲 : 金典藏歌
སྟོད་གངས་རི་བཤད་ན་གངས་ཀྱི་ཞིང་།།
གངས་རྩེ་མོ་ཅན་ཏེ་སེང་གི་ཡུལ།།
མགོ་གཡུ་རལ་ཅན་ཀྱི་སྨུག་པོ་གདོང་།།
ངས་ཕ་རས་དཀར་པོའི་ནོར་ཡག་མེད།།
བར་རྫ་རི་བཤད་ན་རྫ་ཡི་ཞིང་།།
རྫ་སྨུག་པ་ཅན་ཏེ་འབྲོང་གི་ཡུལ།།
མགོ་རུ་ཐུལ་ཅན་གྱི་ཝ་ཤུལ་དཔོན།།
ངས་ཕ་ཞང་སྨུག་པོའི་ནོར་ཡག་མེད་།།
སྨད་སྤང་ནས་བཤད་ན་སྤང་གི་ཞིང་།།
སྤང་ན་གཞུང་ཅན་ཏེ་འབྲོག་གི་ཡུལ།།
འབྲོག་སྦྲ་ནག་ཅན་ཀྱི་ཁྲོ་ཁོའི་སྡེ།།
ངས་ཕས་བཙན་པོའི་ནོར་ཡག་མེད།།