
作词 : 仓央嘉措
作曲 : 民间
ཤར་ཕྱོགས་རི་བོའི་རྩེ་ནས།
དཀར་གསལ་ཟླ་བ་ཤར་བྱུང༌།
མ་སྐྱེས་ཨ་མའི་ཞལ་རས།
ཡིད་ལ་འཁོར་འཁོར་བྱས་བྱུང༌།
དབུས་ཀྱི་རི་རྒྱལ་ལྷུན་པོ།
མ་འགྱུར་བརྟན་པར་བཞུགས་དང་།
ཉི་མ་ཟླ་བའི་འཁོར་ཕྱོགས།
ནོར་ཡོང་བསམ་པ་མིན་འདུག
དབུས་ཀྱི་ཡི་གེ་ནག་ཆུང་།
ཆུ་དང་ཐིགས་པས་འཇིག་སོང་།
མ་བྲིས་སེམས་ཀྱི་རི་མོ།
སུབ་ཀྱང་གསུབ་རྒྱུ་མི་འདུག
ཤར་ཕྱོགས་རི་བོའི་རྩེ་ནས།
དཀར་གསལ་ཟླ་བ་ཤར་བྱུང༌།
མ་སྐྱེས་ཨ་མའི་ཞལ་རས།
ཡིད་ལ་འཁོར་འཁོར་བྱས་བྱུང༌།
དབུས་ཀྱི་རི་རྒྱལ་ལྷུན་པོ།
མ་འགྱུར་བརྟན་པར་བཞུགས་དང་།
ཉི་མ་ཟླ་བའི་འཁོར་ཕྱོགས།
ནོར་ཡོང་བསམ་པ་མིན་འདུག
དབུས་ཀྱི་ཡི་གེ་ནག་ཆུང་།
ཆུ་དང་ཐིགས་པས་འཇིག་སོང་།
མ་བྲིས་སེམས་ཀྱི་རི་མོ།
སུབ་ཀྱང་གསུབ་རྒྱུ་མི་འདུག