
作词 : 尼玛
作曲 : 曲塔
རྫ་ཆབ་ཁ་ལ་ཞིམ་བྱུང།
གངས་ལ་ཉི་འོད་ཕོག་བྱུང།
གངས་རི་མིག་ལ་མཛེས་བྱུང།
གངས་ཅན་བོད་པ་སྐྱིད་བྱུང།
གངས་རི་མིག་ལ་མཛེས་བྱུང།
གངས་ཅན་བོད་པ་སྐྱིད་བྱུང།
དབྱར་ཁ་སྤང་ལ་སྐྱིད་བྱུང།
སྤྲ་ནག་གྲུ་བཞི་ཕུབ་བྱུང།
མེ་ཏོག་མིག་ལ་མཛེས་བྱུང།
གངས་ཅན་བོད་པ་སྐྱིད་བྱུང།
མེ་ཏོག་མིག་ལ་མཛེས་བྱུང།
གངས་ཅན་བོད་པ་སྐྱིད་བྱུང།
ཨོ་་་་་ཨ་ལ་ཡེ་་་་་
ཨོ་་་་་ཨ་ལ་ཡེ་་་་་
མེ་ཏོག་མིག་ལ་མཛེས་བྱུང།
གངས་ཅན་བོད་པ་སྐྱིད་བྱུང།
འོ་ཞོ་ཁ་ལ་ཞིམ་བྱུང།
མར་ཕྱུས་བང་མཛོད་གང་བྱུང།
ནོར་ལུག་མིག་ལ་མཛེས་བྱུང།
གངས་ཅན་བོད་པ་སྐྱིད་བྱུང།
ནོར་ལུག་མིག་ལ་མཛེས་བྱུང།
གངས་ཅན་བོད་པ་སྐྱིད་བྱུང།
ཨོ་་་་་ཨ་ལ་ཡེ་་་་་
ཨོ་་་་་ཨ་ལ་ཡེ་་་་་
ནོར་ལུག་མིག་ལ་མཛེས་བྱུང།
གངས་ཅན་བོད་པ་སྐྱིད་བྱུང།
མི་ཚོགས་མང་པོ་འདུས་བྱུང།
གླུ་གཞས་བྲོ་གསུམ་དར་བྱུང།
ལྟད་མོ་མིག་ལ་མཛེས་བྱུང།
གངས་ཅན་བོད་མི་སྐྱིད་བྱུང།
ལྟད་མོ་མིག་ལ་མཛེས་བྱུང།
གངས་ཅན་བོད་མི་སྐྱིད་བྱུང།
ཨོ་་་་་ཨ་ལ་ཡེ་་་་་
ཨོ་་་་་ཨ་ལ་ཡེ་་་་་
ལྟད་མོ་མིག་ལ་མཛེས་བྱུང།
གངས་ཅན་བོད་མི་སྐྱིད་བྱུང།
ཨོ་་་་་ཨ་ལ་ཡེ་་་་་
ཨོ་་་་་ཨ་ལ་ཡེ་་་་་
ལྟད་མོ་མིག་ལ་མཛེས་བྱུང།
གངས་ཅན་བོད་མི་སྐྱིད་བྱུང།