
作曲 : 更尕旦增
女:
དུང་སེམས་མཚོ་ལས་ཟབ་པའི། ཡེ།
སྙིང་གྲོགས་སེམས་ཀྱི་མཛའ་བོ།
འགྱུར་མེད་སེམས་ཀྱི་དམ་བཅའ།
ཁྱེད་ཀྱི་སྙིང་ལ་ཡོད་དམ།
ཨ་ཧ་ཧ་ཧ་ཧ། ཁྱེད་ཀྱི་སྙིང་ལ་ཡོད་དམ།
男:
ཚེ་སྔོན་ལས་ཀྱིས་འབྲེལ་བའི།
དམར་ཆུང་སེམས་ཀྱི་དགའ་གྲོགས།
ལྷད་མེད་སྙིང་གཏམ་གཙང་མ། ཡེ།
བརྗེད་མེད་སེམས་ཀྱི་ཐིག་ལེ།
ཨོ་ཧོ་ཧོ་ཧོ་ཧོ། བརྗེད་མེད་སེམས་ཀྱི་ཐིག་ལེ།
女:
བརྩེ་བའི་གཡུ་མཚོ་ནང་ལ།
དུང་བའི་གསེར་ཉ་འཁོར་ཡོད།
ཆུ་དང་ཉ་མོའི་ལས་དབང་།
ནམ་ཡང་འབྲལ་ཐབས་མི་འདུག
ཨ་ཧ་ཧ་ཧ་ཧ། ནམ་ཡང་འབྲལ་ཐབས་མི་འདུག
男:
ཕར་ལ་བརྩེ་བ་ཡོད་ན། ཡེ།
ཚུལ་ལ་དུང་བ་འཁོར་ཡོད། ཡེ།
བརྩེ་དུང་སེམས་ཀྱི་ལོངས་སྤྱོད། ཡེ།
འཇིག་རྟེན་སྲིད་པའི་བདེ་སྐྱིད། ཡེ།
ཨོ་ཧོ་ཧོ་ཧོ་ཧོ།
合:
འཇིག་རྟེན་སྲིད་པའི་བདེ་སྐྱིད། ཡེ།
འཇིག་རྟེན་སྲིད་པའི་བདེ་སྐྱིད། ཡེ།