
作词 : 班玛
作曲 : 班玛
བཀྲ་ཤིས་ཤོག བཀྲ་ཤིས་ཤོག
དག་གཙང་གངས་ཀྱི་རི་ལ་འོ་དཀར་འབབས།
བཀྲ་ཤིས་ཤོག བཀྲ་ཤིས་ཤོག
ས་ལའི་ལྗོངས་ལ་བཀྲ་ཤིས་ཆར་བ་འབབས། ཡེ།
ཆུ་འཛིན་ལྷོང་ལྷོང་རབ་དཀར་ཁ་བཏགས་མཛེས། ཡེ།
གངས་ལྗོངས་ཡུལ་ལ་རྟེན་འབྲེལ་བཟང་པོ་འགྲིགས།
ཆུ་འཛིན་ལྷོང་ལྷོང་རབ་དཀར་ཁ་བཏགས་མཛེས། ཡེ།
གངས་ལྗོངས་ཡུལ་ལ་རྟེན་འབྲེལ་བཟང་པོ་འགྲིགས།
བཀྲ་ཤིས་ཤོག བཀྲ་ཤིས་ཤོག
དག་གཙང་གངས་ཀྱི་རི་ལ་འོ་དཀར་འབབས།
བཀྲ་ཤིས་ཤོག བཀྲ་ཤིས་ཤོག
ཡར་འབྲོག་གཡུ་མཚོའི་ཁ་ནས་གསེར་ཉ་རྩེད།
ཧི་མ་ལ་ཡའི་རི་ལ་གངས་སེང་མཇལ།
གངས་ལྗོངས་ཡུལ་ལ་རྟེན་འབྲེལ་བཟང་པོ་འགྲིགས། ཡེ།
ཧི་མ་ལ་ཡའི་རི་ལ་གངས་སེང་མཇལ། ཡེ།
གངས་ལྗོངས་ཡུལ་ལ་རྟེན་འབྲེལ་བཟང་པོ་འགྲིགས།
བཀྲ་ཤིས་ཤོག བཀྲ་ཤིས་ཤོག
དག་གཙང་གངས་ཀྱི་རི་ལ་འོ་དཀར་འབབས།
བཀྲ་ཤིས་ཤོག བཀྲ་ཤིས་ཤོག
མདོ་ཁམས་སྨད་ཀྱི་རི་ནས་གཡུ་འབྲུག་གྲགས།
འཛམ་གླིང་ཉི་ཟླ་སྐར་གསུམ་དགུང་ལ་ཕེབས།
གངས་ལྗོངས་ཡུལ་ལ་རྟེན་འབྲེལ་བཟང་པོ་འགྲིགས། ཡེ།
འཛམ་གླིང་ཉི་ཟླ་སྐར་གསུམ་དགུང་ལ་ཕེབས།
གངས་ལྗོངས་ཡུལ་ལ་རྟེན་འབྲེལ་བཟང་པོ་འགྲིགས།
གངས་ལྗོངས་ཡུལ་ལ་རྟེན་འབྲེལ་བཟང་པོ་འགྲིགས། ཡོད།