
作词 : 赞布
作曲 : 蒙古民歌
编曲 : 尕太加
ཨ་མ་དྲན་གླུ།
思念母亲
ཚིག བཙན་བུ།
作词:赞布
དབྱངས། སོག་པོའི་དམངས་གཞས།
作曲:蒙古民谣
ལེན་མཁན། སངས་རྒྱས་ཚེ་རིང་།
演唱:桑杰才让
ཡིག་བསྒྱུར་བ། ཉི་མས་བཞད།
翻译:班玛
ཨ་མ་ངས་ཁྱེད་ལ་གཞས་ཤིག་ལེན་འདོད།
想为阿妈轻歌一曲
སེམས་པས་མི་བཟོད་མགྲིན་པ་བརྣངས་འགྲོ།
喉间哽痛未语先泣
ཨ་མ་ནི་དགུང་གི་ཉི་མ་ཡིན།
母亲是苍穹不落的太阳
ཨ་མ་ནི་བྱམས་བརྩེའི་བདག་མོ་ཡིན།
母亲是慈悲永恒的光芒
དྲན་པའི་རྨི་ལམ་ཁུར་བའི་བུ་ཆུང་བྱེས་ན་ཡོད།
忆梦垂髫离乡远游
ཕྱི་ཡུལ་འགྲིམ་ཉིན་ཁྱེད་ཉིད་བརྗེད་ཀི་མེད།
踏遍荒原未敢忘忧
བྱམས་དང་སྙིང་རྗེའི་ཕྱུག་པའི་ཨ་མ་ཁྱེད།
您是仁爱浇铸的菩提
གཏམ་དང་མི་ཁ་ཟློག་པའི་མགོན་སྐྱོབ་ཡིན།
温言抚平眉间的霜秋
རེ་བའི་ཉི་འོད་འཚོལ་བའི་བུ་ཆུང་བྱེས་ན་ཡོད།
逐日向阳的儿子在外
ཉིན་མཚན་ཀུན་ཏུ་ཁྱེད་ཉིད་གླེང་གི་ཡོད།
昼夜之间皆念亲娘
སྐྲ་ལོ་དུང་ལྟར་དཀར་བའི་ཨ་མ་ཁྱེད།
银发如雪的阿妈呀
ཁུ་སིམ་ན་ཟུག་འཇོམས་པའི་སྨན་མཆོག་ཡིན།
掌心暖化沧桑的神药
ཚེ་འདིར་མ་རུ་གྱུར་བའི་དྲིན་ཆེན་མ།
此生难偿春晖深恩
སྡུག་གི་མུན་པ་སེལ་བའི་སྒྲོལ་མ་ཡིན།
暗夜破晓度母圣尊
བསམ་རྒྱུ་བུ་ལས་མེད་པའི་དྲིན་ཆེན་མ།
寸草难报三生慈晖
མི་ཚེ་སྐྱིད་ལ་འགོད་པའི་ལྷ་མོ་ཡིན།
人间喜乐皆您神恩
ཨ་མ་ངས་ཁྱེད་ལ་གཞས་ཤིག་ལེན་འདོད།
想为阿妈再歌一阙
སེམས་ཀྱིས་མི་ལྕོགས་མིག་ཆུ་ཤོར་འགྲོ།
泪落千行泣不成诀
ཨ་མ་ནི་དགུང་གི་ཟླ་བ་ཡིན།
母亲是长空不灭的月光
ཨ་མ་ནི་སྙིང་རྗེའི་བདག་མོ་ཡིན།
母亲是悲悯永世的天使