作词 : 扎哇
作曲 : 马伊莎
编曲 : 巴桑
རྨ་འབྲི་ཆུ་ལྷའི་ཞང་ཁམས
བཀྲ་བ།
དབྱངས། མ་ཡིས་ས།
ཨ་ཆེན་གངས་དང་ཉི་མའི་མཚོ།།
ཁ་ལ་རྐྱང་དང་བྲེ་སེར་འབྲོང་།
གངས་རའི་ཉི་མའི་གླིང་འདི།།
སྲིད་པ་ཆགས་པའི་དང་མ།།
གླིང་གེ་འབྲུག་གཉིས་ཀྱི་ཕ་ས་ཡིན།།
ཕ་ཡབ་མེས་རྣམ་ཤེས་འཁོར་ས་རེད།།
ཡ་ལ་ནས་སོ། ཡ་ལ་ནས་སོ།
ཕ་ཡབ་མེས་རྣམ་ཤེས་འཁོར་ས་རེད།།
ཁྲ་ལ་གངས་དང་གུ་ར་རྫ།།
ཨ་རྫོ་དགོག་དང་སྐྱ་བོའི་གཙོད།།
རྨ་འབྲི་ཆུ་བོའི་ཞང་འདི།།
ཆབས་དང་ཆུ་བོའི་འབྱུང་ཡུལ།།
རྟ་ནོར་ལུག་གསུམ་གྱི་མཚེར་ས་ཡིན།།
སྦྲ་གྲུ་བཞི་ཀ་དྲུག་བརྟེན་ས་རེད།།
ཡ་ལ་ནས་སོ། ཡ་ལ་ནས་སོ།
སྦྲ་གྲུ་བཞི་ཀ་དྲུག་བརྟེན་ས་རེད།།
ཇོ་བོ་ཞལ་དཀར་ཚེ་ཡི་ལྷ།།
འཕུར་ལྡིང་བྱ་དང་ཆུ་གནས་ཉ།།
ས་བཅུ་དགེ་བའི་གནས་འདི།།
ཕྱུག་དང་ཕྱྭ་གཡང་བསྟོད་ས།།
རྒྱུ་ལངས་སྤྱོད་འཁོར་སའི་རྟེན་གཞི་རེད།། ནོར་ཆ་བདུན་གསེར་སྐལ་ཐོབ་ས་རེད།།
ཡ་ལ་ནས་སོ། ཡ་ལ་ནས་སོ།
ནོར་ཆ་བདུན་གསེར་སྐལ་ཐོབ་ས་རེད།།
ཡ་ལ་ནས་སོ། ཡ་ལ་ནས་སོ།
ནོར་ཆ་བདུན་གསེར་སྐལ་ཐོབ་ས་རེད།།
ནོར་ཆ་བདུན་གསེར་སྐལ་ཐོབ་ས་རེད།།
