
ཁྲོམ་ཆེན་ཟིལ་གནོན།
ཚིག ཉི་མའི་བུ་རྒྱུད་ནམ་མཁའ།
དབྱངས་བསྡུ་སྒྲིག ནམ་མཁའ།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
རོལ་མོ་སྒྲིག་བཟོ། ཤེར་བྷ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། མགོ་ལོག་བཀྲ་ཤིས་དོན་གྲུབ།
ཨ། འདོ་བ་ཡང་གི་ཨ་རེ་ཡེ་ལེན་གོ འོ། ཞང་ཨ་ཡང་འཇོག འོ་ཡེ།
འགྲོ་མ་མྱོང་ཁྲོམ་པའི་ (འོ) གྲལ་ལ་འགྲོ། །སོ་ཡ་ལ་འོ།
ལེན་མ་མྱོང་ཁྲོམ་ཆེན་ཟིལ་གནོན་ལེན། །
ལེན་ཆོག་ན་ཁྲོམ་པ་ (འོ) ལེབ་ཀིས་ལེན། །སོ་ཡ་ལ་འོ།
ལེན་མ་ཆོག་རང་སེམས་སྐྱིད་ཀིས་ལེན།
ལོ་ཡ་ལོ། གླུ་ཨ་ལ་གཅིག་ལ་ཐ་ལ་གཉིས།།
ཨ་ལ། ལོ་ཡ་ལོ། གླུ་ཨ་ལ་གླུ་ཡི་ལེན་ལུགས་རེད།
ལོ་ཡ་ལོ། གླུ་ཐ་ལ་ངག་གི་འགུགས་ལུགས་རེད། །
ཨ་ལ། ལོ་ཡ་ལོ། འདི་ཡང་ཡང་འགུགས་པའི་སྨོན་ལམ་འདེབས།།
ཨ། འདོ་བ་ཡང་གི་ཨ་རེ་ཡེ་ལེན་གོ འོ། ཞང་ཨ་ཡང་འཇོག འོ་ཡེ།
འགྲོ་མ་མྱོང་ཁྲོམ་པའི་ (འོ) གྲལ་ལ་འགྲོ། ། སོ་ཡ་ལ་འོ།
ལེན་མ་མྱོང་དགུ་སིང་དྲུག་འགྱུར་ལེན། །
ལེན་ཐུབ་ན་སྙན་མོ་(འོ)འགྱུར་གིས་ལེན། །སོ་ཡ་ལ་འོ།
ལེན་མ་ཐུབ་བདེ་མོ་འགུགས་ཀིས་ལེན། །
ལོ་ཡ་ལོ། གླུ་ཨ་ལ་གཅིག་ལ་ཐ་ལ་གཉིས།།
ཨ་ལ། ལོ་ཡ་ལོ། གླུ་ཨ་ལ་འཇོག་ག་སྙན་གིས་ལེན།།
ལོ་ཡ་ལོ། ངག་ཐ་ལ་འཇོག་ག་འགུགས་ཀིས་ལེན། །
ཨ་ལ། ལོ་ཡ་ལོ། འདི་ཡང་ཡང་འགུགས་པའི་སྨོན་ལམ་འདེབས། །