
作词 : 民间
作曲 : 民间
编曲 : 谢尔巴
ཁ་རག་རི་བོ།
ཚིག དམངས་ཁྲོད།
དབྱངས། དམངས་ཁྲོད།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
རོལ་མོ་སྒྲིག་བཟོ། ཤེར་བྷ།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། མགོ་ལོག་བཀྲ་ཤིས་དོན་གྲུབ།
ཨ་འགྲོ་ལ་ཡེ།
ཁ་རག་རི་བོའི་རྩེ་མོ།། ཨ་འགྲོ་ལ་ཡེ།
ངས་རྩེ་མོ་གངས་ལ་བཅོལ་ཡོད།། ཨ་འགྲོ་ལ་ཡེ།
ཨ་འགྲོ་ལ་ཡེ།
གངས་ལ་འགྱུར་བ་མ་གཏོང་།། ཨ་འགྲོ་ལ་ཡེ།
ངའི་གངས་སེང་ལས་ཀྱིས་འཁོར་ཡོང་།། ཨ་འགྲོ་ལ་ཡེ།
ཨ་འགྲོ་ལ་ཡེ།
ཁ་རག་རི་བོའི་སྐེད་པ།། ཨ་འགྲོ་ལ་ཡེ།
ངས་སྐེད་པ་ཤིང་ལ་བཅོལ་ཡོད།། ཨ་འགྲོ་ལ་ཡེ།
ཨ་འགྲོ་ལ་ཡེ།
ཤིང་ལ་འགྱུར་བ་མ་གཏོང་།། ཨ་འགྲོ་ལ་ཡེ།
ངའི་བྱིའུ་ཆུང་ལས་ཀྱིས་འཁོར་ཡོང་།། ཨ་འགྲོ་ལ་ཡེ།
ཨ་འགྲོ་ལ་ཡེ།
ཁ་རག་རི་བོའི་རྩ་བ།། ཨ་འགྲོ་ལ་ཡེ།
ངས་རྩ་བ་ཆུ་ལ་བཅོལ་ཡོད།། ཨ་འགྲོ་ལ་ཡེ།
ཨ་འགྲོ་ལ་ཡེ།
ཆུ་ལ་འགྱུར་བ་མ་གཏོང་།། ཨ་འགྲོ་ལ་ཡེ།
ངའི་ཉ་ཆུང་ལས་ཀྱིས་འཁོར་ཡོང་།། ཨ་འགྲོ་ལ་ཡེ།