
作词 : 喜阳
作曲 : 卓玛吉
རང་བྱུང་མཆོད་པ།
ཚིགཉི་མས་བཞད།
དབྱངས།སྒྲོལ་མ་སྐྱིད།
ལེན་མཁན། སྒྲོལ་མ་སྐྱིད།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
ངས་རང་བྱུང་མཆོད་པ་གངས་ལ་འཇོག
གངས་ལྷུན་པོ་ལྕགས་མཁར་སྒོ་མེད་རེད།
དབུ་ཞལ་དཀར་ཟེ་བ་གནམ་ལ་ཟུག
གཡང་ལྷུན་ཆགས་འདབ་མ་ས་ལ་འཁྱིལ།
ཡུལ་གངས་ལྗོངས་གཡང་གི་ཁ་འཛིན་ལ།
ངས་ཡང་ཡང་མཐོ་བའི་སྨོན་ལམ་འདེབས།
ངས་རང་བྱུང་མཆོད་པ་དགུང་ལ་འཇོག
དགུང་ཨ་སྔོན་སྲིད་པའི་གུར་ཁང་རེད།
འོད་དཀར་པོའི་རྨུ་ཐག་སྤྲིན་ལ་འདྲེས།
གཡང་མི་འགྱུར་བང་རིམ་བཅུ་ལ་ཆགས།
ཡུལ་འཛམ་གླིང་སྐྱིད་པའི་སྡོང་གྲོགས་ལ།
ངས་ཡང་ཡང་བསྟོད་པའི་སྨོན་ལམ་འདེབས།
ངས་རང་བྱུང་མཆོད་པ་ཁྲོམ་ལ་འཇོག
ཁྲོམ་ཆེན་པོ་དག་པའི་ཞིང་བཀོད་ཡིན།
ནང་གླུ་བརྒྱའི་འཛོམས་པ་སེམས་ལ་འདྲེས།
སྐྱིད་འཚོ་བའི་གླུ་སྒྲ་ངག་ལ་འཁྱིལ།
ཡུལ་་ལྷ་སྡེ་བརྟན་པའི་རུ་མ་ལ།
ངས་ཡང་ཡངའཛོམས་པའི་སྨོན་ལམ་འདེབས།