作词 : 它尼棒涛
作曲 : 它尼棒涛
编曲 : 它尼棒涛
Gesar Wang
ཚིག:ཐ་སྙད་འབུམ་འཐབ།
དབྱངས:ཐ་སྙད་འབུམ་འཐབ།
ཇུས་འགོད:ཐ་སྙད་འབུམ་འཐབ།
ལེན་མཁན:ཐ་སྙད་འབུམ་འཐབ།
hook:
ཨ་ལ་ལ་མོ་ཨ་ལ་ལེན།
ཐ་ལ་ལ་མོ་ཐ་ལ་ལེན།
Verser1:
འཛམ་གླིང་མི་ཡི་ཉི་མ།།
སེང་ཆེན་ནོར་བུ་དགྲ་འདུལ།།
ས་བཅུ་ཐོབ་པའི་སངས་རྒྱས།།
བསྟན་པ་འཛིན་པའི་སྐྱེས་བུ།།
དབུ་ནག་མི་ཡི་ལྷ་སྐུ་ཁོང།།
verser2:
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
མ་ཐ་ལ་ངག་གི་འགུག་ལུགས་རེད།།
ས་འདི་འདྲ་ས་ངོས་མ་ཤེས་ན།།
འཛམ་གླིང་ཡང་རྩེ།།
ཆོས་ལྡན་ཞིང་ཁམས།།
མཛེས་པའི་ལྷ་ཡུལ།།
གེ་སེར་རྒྱལ་པོ་འཁྲུངས་ས།།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
མ་ཐ་ལ་ངག་གི་འགུག་ལུགས་རེད།།
བུ་འདི་འདྲ་བུ་ངོས་མ་ཤེས་ན།།
སེམས་ཀྱི་ལྷ་མཆོག།།
ལྷ་ཡི་སྲས་པོ།།
སྟག་ཤར་གྱི་དགྲ་ལྷ།།
མི་རིགས་དཔའ་བོ།།
གེ་སེར་རྒྱལ་པོ་ཁྱེད་ཡིན།།
hook:
ཨ་ལ་ལ་མོ་ཨ་ལ།
ཐ་ལ་ལ་མོ་ཐ་ལ་ལེན།།
འཆི་མེད་ཚེ་རིང:
གླུ་ཨ་ལ་ལ་མོ་རེར་ལེན་
ཐ་ལ་ངག་གི་མགུར་གླུ་རེར་ལེན་
སྐུ་འཛམ་གླིང་སེར་ཆེན་རྒྱལ་པོ་
རྒོད་ཐང་དཀར་ལྡིང་བསྐོར་བྱེད་འདྲ་འོ།
Shine on the Day of the line
མུན་ནག་གི་སྒྲོན་མེ་བཞིན་དུ་འཆར་བའི་འོད་དེ་རྨོངས་པ་གསལ
I know him
I got know him x2
hook:
ཨ་ལ་ལ་མོ་ཨ་ལ་ལེན།
ཐ་ལ་ལ་མོ་ཐ་ལ་ལེན།
གླིང་དཀར་ཁྲ་མོའི་རྒྱལ་ཁའི་གླུ་དབྱངས་དེ་བས་ཆད་མ་མྱོང་།།
གངས་ཅན་བོད་ཀྱི་འཚོ་བའི་བདེ་སྐྱིད་གཏན་ནས་བོར་མ་མྱོང་།།
