
作词 : 玉树开周江才
作曲 : 玉树开周江才
编曲 : 玉树开周江才
歌名:《致父·离歌》
གླུ་། ཕ་དྲན་པའི་གླུ
作词:才文拉加
གླུ་ཚིག། ཚེ་དབང་ལྷ་རྒྱལ
作曲:开周江才
དབྱངས་། མཁས་གྲུབ་རྒྱལ་མཚན
原唱:开周江才
གླུ་བ། མཁས་གྲུབ་རྒྱལ་མཚན
ཕ་དྲན་པའི་གླུ
འཇིག་རྟེན་འཁོར་བའི་ལམ་ནས།
ཕ་དང་བུ་ཡི་བརྩེ་དུང་ཟབ་ཀྱང་།
ཕ་བུ་མཉམ་འཛོམས་སྐལ་བ་མེད་ཀྱང་།
ཕྱི་མ་བདེ་ཆེན་ཞིང་ནས་མཇལ་བ་སྨོན།
ཨོ་ཨ་ཕ། ཨོ་་་ཕ་ལོ། དྲིན་ཆེན་གྱི་ཕ་ལོ། ངའི་སེམས་ཁང་གི་ཉི་མ།
ཕ་བུ་མཉམ་འཛོམས་སྐལ་བ་མེད་ཀྱང་།
མཚན་མོ་རྨི་་ལམ་ནང་ནས་མཇལ་བ་སྨོན།།
མི་རྟག་འཁོར་བའི་སྐྱིད་སྡུག།
བརྩེ་ལྡན་ཕ་ལོ་གསེར་གྱི་ཉི་མ།
ནག་པོ་སྤྲིན་གྱིས་བསྒྲིབས་སོང་།
སྐྱོ་བས་སེམས་པ་སྡུག་གི་མུན་པ་འཐིབ།
ཨོ་ཨ་ཕ། ཨོ་་་ཕ་ལོ། ལྷ་ཡུལ་གྱི་ཨ་ཕ།། ངའི་སེམས་ཁང་གི་ཉི་མ།