
作曲 : 南木卡
ཡུལ་བྱང་སྡེ་ཉི་མ་རྫ་ཆུ་ཁ།
ཚིག དྲེལ་དཀར་འཇིགས་དགའ།
དབྱངས། ནམ་མཁའ།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
རོལ་མོ་སྒྲིག་བཟོ། ཤེར་བྷ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། མགོ་ལོག་བཀྲ་ཤིས་དོན་གྲུབ།
རི་རྫ་རྒྱལ་ཕྱུག་མོའི་འདབས་རོལ་ན།། ལ་རེ་ལ་མོ་ལོ།
ཆུ་རྫ་ཆབ་བསིལ་མའི་ཁུགས་སོ་ན།། ལ་རེ་ལ་མོ་ལོ།
གནས་སྐྱིད་པོ་རྫ་ཆུ་ཁ་བ་ཡོད།། ལ་རེ་ལ་མོ་ལོ།
གནས་དེ་ནི་སྐྱིད་ས་སྐྱིད་ཡུལ་ཡིན།། ལ་རེ་ལ་མོ་ལོ།
ལ་རེ་ལ་མོ་ལོ།
གླུ་ཨ་ལ་ལ་མོ་ཨ་ལ་ལེན། གླུ་ཐ་ལ་ལ་མོ་ཐ་ལ་ལེན།
གླུ་ཨ་ལ་ལ་མོ་ཐ་ལ་ལེན།
ཆོས་དགེ་བཅུའི་བྱིན་གཡང་འཕྱུར་ས་ན།།
ཕ་བླ་མ་གསེར་རིའི་ཕྲེང་བ་ཡོད།།
གནས་བཅུ་ཕྲག་རིག་པའི་སྒྲོན་མེ་ཡོད།།
གནས་དེ་ནི་རྫ་ཆུ་ཁ་བ་ཡིན།།
སྤང་མེ་ཏོག་སྣ་བརྒྱ་བཞད་ས་ན།། ལ་རེ་ལ་མོ་ལོ།
གཡང་ར་བ་སྒོ་བཞིའི་འཕེལ་ཁ་ཡོད།། ལ་རེ་ལ་མོ་ལོ།
སྦྲ་མཐིང་སྨུག་གྲུ་བཞིའི་དྲོད་ཁོལ་ཡོད།། ལ་རེ་ལ་མོ་ལོ།
གནས་དེ་ནི་རྫ་ཆུ་ཁ་བ་ཡིན།། ལ་རེ་ལ་མོ་ལོ།
ལ་རེ་ལ་མོ་ལོ།
གླུ་ཨ་ལ་ལ་མོ་ཨ་ལ་ལེན། གླུ་ཐ་ལ་ལ་མོ་ཐ་ལ་ལེན།
གླུ་ཨ་ལ་ལ་མོ་ཐ་ལ་ལེན།
ལས་ལ་རྒྱའི་དགེ་མཚན་དར་ས་ན།།
སྔོན་མེས་པོའི་སྲོལ་རྒྱུན་རིག་པ་ཡོད།།
བཟོ་མཁས་པའི་ལག་རྩལ་རི་མོ་ཡོད།།
གནས་དེ་ནི་རྫ་ཆུ་ཁ་བ་ཡིན།།