
作曲 : 南木卡
བྱམས་པ།
ཚིག དྲེལ་དཀར་འཇིགས་དགའ།
དབྱངས། ནམ་མཁའ།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
མངའ་རིས་སྒྲ་སྙན། བསོད་ནམས་སྟོབས་རྒྱལ།
རོལ་མོ་སྒྲིག་བཟོ། ནཱ་ནཱ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ནཱ་ནཱ།
ཡིག་སྒྱུར་པ། མགོ་ལོག་བཀྲ་ཤིས་དོན་གྲུབ།
མཛུབ་དཀྲིས་སེར་པོ་གསེར་རེད།།
ཕྲ་རྒྱན་སྔོན་མོ་གཡུ་རེད།། (ལ) ཁོ་རེ།
ལས་འཕྲོ་ཅན་གྱི་བྱམས་པར།།
ལས་དབང་ཅན་གྱིས་གནང་ཡོད།།
འོ་ཨ་ལ་ཡེ། འོ་ཨ་ལ། འོ་ཨ་ལ་ཡེ།
མགུལ་གའུ་རིན་ཆེན་དངུལ་རེད།།
ནང་རྟེན་སྒྲོལ་མ་ལྷ་རེད།། (ལ)
ལས་ཀྱིས་བསྐོས་པའི་བྱམས་པའི།
ལུས་ཀྱི་རྒྱན་དུ་འཆང་ཡོད།།
སྐེ་རྒྱན་གཡུ་བྱུར་ཆ་རེད།
རྣ་རྒྱན་ཉི་ཟླ་ཟུང་རེད།། (ལ) ཁོ་རེ།
བརྩེ་འདང་ཅན་གྱི་བྱམས་པར།།
བརྩེ་བའི་རྟེན་དུ་གནང་ཡོད།།
འོ་ཨ་ལ་ཡེ། འོ་ཨ་ལ། འོ་ཨ་ལ་ཡེ།
བརྩེ་བ་འོ་མའི་མདངས་རེད།།
དུང་བ་མར་གྱི་བཅུད་རེད།། (ལ)
ལྷད་མེད་བརྩེ་བ་ཟབ་མོ།།
དུང་བའི་སྐྱེས་སུ་གནང་ཡོད།།