
མཁན་ཆེན་ལགས། ཚུལ་ཁྲིམས་བློ་གྲོས།
ཚིག དྲེལ་དཀར་འཇིགས་དགའ།
དབྱངས། དམངས་ཁྲོད།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
རོལ་མོ་སྒྲིག་བཟོ། ཤེར་བྷ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
བཀའ་མདོ་རྒྱུད་ཀུན་ལ་མཁྱེན་རྒྱ་ཡངས།།
བླ་མ། ལ་སེ། བྲོ་ལ་བྱོན།
ཆོས་མན་ངག་སློབ་གསོས་སེམས་ཁམས་བསྐྱབས།།
མཁན་ཆེན་ལགས་ཡ། ཚུལ་ཁྲིམས་བློ་གྲོས།
ནད་སྔོན་འགོག་བསླབ་བྱ་བདུད་རྩི་འདྲ།།
བླ་མ། ལ་སེ། བྲོ་ལ་བྱོན།
གསུང་བདུད་རྩིས་མི་ཡི་ལུས་ཁམས་བསྐྱབས།།
མཁན་ཆེན་ལགས་ཡ། ཚུལ་ཁྲིམས་བློ་གྲོས།
རི་ཁ་བའི་ཚིག་གི་མཛོད་སྒོ་ཕྱེས།།
བླ་མ། ལ་སེ། བྲོ་ལ་བྱོན།
བོད་མེས་པོའི་རང་སྐད་རང་ཡིག་བསྐྱབས།།
མཁན་ཆེན་ལགས་ཡ། ཚུལ་ཁྲིམས་བློ་གྲོས།
ཐུགས་གཞན་ཕན་སྙིང་རྗེ་སྒྲོན་མེ་འདྲ།།
བླ་མ། ལ་སེ། བྲོ་ལ་བྱོན།
བྱམས་བརྩེ་བའི་དྲོད་ཀྱིས་ཉམ་ཆུང་བསྐྱབས།།
མཁན་ཆེན་ལགས་ཡ། ཚུལ་ཁྲིམས་བློ་གྲོས།
གནས་ཚན་རྩལ་རིག་པའི་གསང་གནད་མཁྱེན།།
བླ་མ། ལ་སེ། བྲོ་ལ་བྱོན།
གཞོན་དར་མའི་མི་ཚེའི་མདུན་ལམ་བསྐྱབས།།
མཁན་ཆེན་ལགས་ཡ། ཚུལ་ཁྲིམས་བློ་གྲོས།
གངས་དཀར་པོར་དུས་ཐོག་ཆར་བ་འདྲ།།
བླ་མ། ལ་སེ། བྲོ་ལ་བྱོན།
ཆར་བསིལ་མས་སྲོལ་རྒྱུན་རིག་གནས་བསྐྱབས།།
མཁན་ཆེན་ལགས་ཡ། ཚུལ་ཁྲིམས་བློ་གྲོས།