
作曲 : 南木卡
སྔ་འགྱུར་དྲེལ་དཀར་ཆོས་གྲྭ།
ཚིག དྲེལ་དཀར་འཇིགས་དགའ།
དབྱངས། ནམ་མཁའ།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
རོལ་མོ་སྒྲིག་བཟོ། ཤེར་བྷ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཤར་ན་རྡོ་རྗེ་གཡུང་དྲུང་ལྷོ་ན་ཟླ་ཆབ་བསིལ་མ།།
ནུབ་ན་ས་འདུལ་དཔའ་བོ་བྱང་ན་གསེར་རིའི་རྒྱལ་མཚན།།
ས་ལ་སྲུང་བཞི་ཚང་ཞིང་ལས་བཞི་ལྷུན་གྱིས་གྲུབ་པའི།།
ཨེ་མ་དཔལ་གྱི་གནས་མཆོག་སྔ་འགྱུར་དྲེལ་དཀར་ཆོས་གྲྭ།
གཡས་རི་རྒྱ་སྟག་མཆོང་འདྲ་གཡོན་རི་སེང་ཆེན་འགྱིང་འདྲ།།
རྒྱབ་རི་ཁྱུང་ཆེན་ལྡིང་འདྲ་མདུན་ཆུ་གཡུ་འབྲུག་འཁྱུག་འདྲ།།
སྟག་སེང་ཁྱུང་འབྲུག་འཛོམས་པའི་ཆོས་ནོར་དཔལ་གཡང་རྒྱས་ས།།
ཨ་ཧོ་ཏིང་འཛིན་དབེན་གནས་སྔ་འགྱུར་དྲེལ་དཀར་ཆོས་གྲྭ།།
ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞིས་སྲུང་བའི་གོ་ཁྲབ་བཙན་ཞིང་།།
མཚམས་བཞིར་རིགས་བཞིའི་མཁའ་འགྲོས་བར་ཆད་མ་ལུས་སེལ་བའི།།
དགོན་ཆེན་མཉམ་བཞག་གནས་ཞེས་ལྷ་ཡིས་ལུང་གིས་བསྔགས་ས།།
ངམ་ཞིང་ངོ་མཚར་ཆེ་བའི་སྔ་འགྱུར་དྲེལ་དཀར་ཆོས་གྲྭ།།
འཆད་རྩོད་རྩོམ་གསུམ་དར་བའི་ངུར་སྨྲིག་མཚོ་མོ་འཁྱིལ་ས།།
བསྙེན་སྒྲུབ་ལས་ལ་གཞོལ་བའི་རྣལ་འབྱོར་གྲངས་མེད་བྱོན་ས།།
མདོ་རྒྱུད་མན་ངག་ཟབ་མོའི་སྙན་སྙན་ཆོས་སྒྲ་སྒྲོག་ས།།
རྨད་བྱུང་བསྟན་པའི་འབྱུང་གནས་སྔ་འགྱུར་དྲེལ་དཀར་ཆོས་གྲྭ།།