编曲 : 玉树开周江才
ཚོང་དཔོན་ནོར་བུ་བཟང་པོ།
ནང་ལ་ཆང་སེ་ཡག་ལེ།
བཅུ་གསུམ་སྐྱེས་བུ་ལོ་ལ་མདོ་ལ་སོང་།
ཚོང་དཔོན་ནོར་བུ་བཟང་པོ།
ཚོང་ཡག་ཤོག་ཡ་ཟེ།
ནང་ལ་ཆང་ཟེ་ཡག་ལེ།
ནང་ལ་ཆང་སེ་ཡག་ལེ།
མྱེ་མདའ་ཟིལ་ར་འོད་ཆུང་རྒྱབ་ལ་ཁུར།
མདེའུ་ཁུག་བསོན་ནམས་སྐར་ཆུང་།
སྐེད་ལ་བསྐོར་ཡ་ཟེ་ལེ།
ནང་ལ་ཆང་སེ་ཡག་ལེ།
ནང་ལ་ཆང་སེ་ཡག་ལེ།
ཕོ་དྲེལ་ལྔ་བརྒྱ་ཐམ་པ་སྡུན་ནས་དེད།
མོ་དྲེལ་བཞི་བརྒྱ་ཐམ་པ།
རྗེས་ནས་དེད་ཡ་ཟེ་།
ནང་ལ་ཆང་སེ་ཡག་ལེ།
说唱
ཚོང་དཔོན་མ་སོང་ཚོང་དཔོན་སོང་།
ཚོང་དཔོན་རྒྱ་གར་ཡུལ་ལ་སོང་།
ཆོས་ཀྱི་པོད་འབུམ་བོད་ལ་བཀར།
བོད་ལ་སངས་རྒྱས་བསྟན་པ་དར།
ཚོང་དཔོན་མ་སོང་ཚོང་དཔོན་སོང་།
ཚོང་དཔོན་རྒྱ་ནག་ཡུལ་ལ་སོང་།
གོས་ཆེན་འབྲུག་མ་བོད་ལ་བཀར།
བོད་ལ་གོས་ཆེན་བསྟན་པ་དར།
ཚོང་དཔོན་མ་སོང་ཚོང་དཔོན་སོང་།
ཚོང་དཔོན་དར་རྩེ་མདོ་ལ་སོང་།
འུ་ཟི་རྒྱ་ཇ་བོད་ལ་བཀར།
བོད་ལ་ཇ་ཡི་བསྟན་པ་དར།
ཚོང་དཔོན་ནོར་བུ་བཟང་མཁྱེན།
ཚོང་གི་རིག་པ་རྣོ་བ་ཤོག།
ཚོང་གི་ཚོང་གཡང་འཁོར་བ་ཤོག།
ཚོང་གི་ལོངས་སྤྱོད་རྒྱས་པ་ཤོག།
ནང་ལ་ཆང་སེ་ཡག་ལེ།
ཕོ་དྲེལ་སྒ་མདོངས་གཡས་ལ་གསེར་ཤག་བཀལ།་ཇོ་བོ་ཡིད་བཞིན་ནོར་བུར།
གསེར་ཞར་གསོལ་ཡ་ཟེ།
ནང་ལ་ཆང་སེ་ཡག་ལེ།
ནང་ལ་ཆང་སེ་ཡག་ལེ།
མོ་དྲེལ་སྒ་མདོངས་གཡོན་ལ་གཡུ་ཤག་བཀལ་
མ་ཅིག་དཔལ་གྱི་ལྷ་མོར།
གཡུ་ཞར་གསོལ་ཡ་ཟེ།
ནང་ལ་ཆང་སེ་ཡག་ལེ།
ནང་ལ་ཆང་སེ་ཡག་ལེ།
ཇ་རྒྱབ་ལྔ་བརྒྱ་ཐམ་པ་བོད་ལ་བཀལ།
གྲྭ་ས་སེ་འབྲས་དགེ་ལ།
མང་ཇ་རྒྱུགས་ཡ་ཟེ
ནང་ལ་ཆང་སེ་ཡག་ལེ།
