
ཡུལ་ཕྱོགས་ལུང་པའི་མཚོ་མོ།
ཚིག སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།
དབྱངས། དམངས་ཁྲོད།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
དབྱངས་སྒྲིག་བཅོས། ནམ་མཁའ།
རོལ་མོ་སྒྲིག་བཟོ། ཤེར་བྷ།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
པི་ཝང། བསོད་ནམས་ཕུན་ཚོགས།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། མགོ་ལོག་བཀྲ་ཤིས་དོན་གྲུབ།
ཉི་འོད་སེར་པོ་མཚོ་ལ་བརྒྱབ་ན་དགའ་བྱུང་།།
སོ་ཡ་ལ། ངང་བ་སེར་བོས་གཡས་སྐོར་བརྒྱབ་ན་སྐྱིད་བྱུང་།།
ཨ་ལ། སོ་ཡ་ལ། ངང་བ་སེར་བོས་གཡས་སྐོར་བརྒྱབ་ན་སྐྱིད་ལེ་བྱུང་།།
མཚོ་ཆེན་ཁྲི་གཤོག་རྒྱལ་མོ།།
མ་འགྱུར་གདོད་མའི་བླ་མཚོ།།
སོ། བུ་མཚོ་མཚོ་ཆུང་ནོར་བུ།།
མ་བུའི་སྐུ་ཁམས་བདེ་མོ།། མཚོ་ལ་ཡར་འགྲོ་རོ།
སོ། ཡུལ་ཕྱོགས་ལུང་པའི་ནང་ལ།།
ས་ཆ་སྐྱིད་པོ་འོ་ལ།། སོ། མཚོ་ལ་ཡར་འགྲོ་རོ།
མཚོ་མཐའི་མཚེར་བ་རི་ཆུང་།།
མཚོ་བྱ་དཀར་མོའི་དབྱར་ས།།
སོ། མཚོ་བྱས་རྒྱལ་ཁམས་བསྐོར་ཡང་།།
གསུངས་ལ་འགྱུར་བ་མི་འདུག། མཚོ་ལ་ཡར་འགྲོ་རོ།
སོ། ཡུལ་ཕྱོགས་ལུང་པའི་ནང་ལ།།
ས་ཆ་སྐྱིད་པོ་འོ་ལ།། སོ། མཚོ་ལ་ཡར་འགྲོ་རོ།
མཚོ་སྙིང་མ་ཧཱ་དེ་ཝ།།
སྒོམ་ཆེན་ཏིང་འཛིན་འཕེལ་ས།།
སོ། གནས་མཆོག་སྔར་བཞིན་གནས་མཆོག།
བདག་པོ་སྒོམ་ཆེན་བྱོན་ཤོག། མཚོ་ལ་ཡར་འགྲོ་རོ།
སོ། ཡུལ་ཕྱོགས་ལུང་པའི་ནང་ལ།།
ས་ཆ་སྐྱིད་པོ་འོ་ལ།། སོ། མཚོ་ལ་ཡར་འགྲོ་རོ།