
བུ་མོ་སོ་སྒོ་མེ་ཏོག
གཞས་ཚིག བློ་བཟང་རིན་ཆེན།
གཞས་དབྱངས། རྫོགས་ཆེན་བསྟན་འཛིན།
གཞས་མཁན། ཚེ་དབང་ལྷ་མོ།
ཇུས་འགོད། ཧོར་བྲག་སྲས།
ཡལ་མེད་ལོ་རྒྱུས་ཚོ་ཁ
གནའ་བོའི་ཇ་རྟ་ཚོང་ལམ།
ཇ་མཁར་ལུང་སྨྱུག་ལ་ནས།
དྲིལ་བུ་སིལ་སྐད་ཐོས་བྱུང་།
གཏམ་རྒྱུད་ཡག་ལ་གཏམ་རྒྱུད་ཡག
གཏམ་རྒྱུད་ཡག་ལ་གཏམ་རྒྱུད་ཡག
ཙ་རི་བསྐོར་བ་ལོ་གཉིས།
གངས་རི་བསྐོར་བ་ལོ་གསུམ།
བུ་མོ་སོ་སྒོ་མེ་ཏོག
སོ་ལ་མེ་ཏོག་འཁྲུངས་སོང་།
བུ་མོ་སོ་སྒོ་མེ་ཏོག
སོ་ལ་མེ་ཏོག་འཁྲུངས་སོང་།
བསོད་ནམས་ཅན་གྱི་བུ་མོ།
དབང་ཐང་ཅན་ལ་བསྐོས་སོང་།
མི་ཚེ་སྐྱིད་སྡུག་གཉིས་ལ།
ལས་ཀྱི་ལམ་རོགས་བཟང་པོ།
གཏམ་རྒྱུད་ཡག་ལ་གཏམ་རྒྱུད་ཡག
གཏམ་རྒྱུད་ཡག་ལ་གཏམ་རྒྱུད་ཡག
ཚོང་དཔོན་ནོར་བུ་བཟང་པོ།
དར་མདོ་ཚོང་ལ་ཕེབས་སོང་།
སོ་ཡི་མེ་ཏོག་སྟེང་ལ།
གསེར་གྱི་སྦྲང་བུ་བབས་སོང་།
སོ་ཡི་མེ་ཏོག་སྟེང་ལ།
གསེར་གྱི་སྦྲང་བུ་བབས་སོང་།
མགོ་ལ་གཡུ་དང་སྤོས་ཤེལ།
ལུས་ལ་གོས་ཆེན་འབྲུག་མ།
བུ་མོའི་རིན་ཆེན་རྒྱན་ཆ།
ཡུལ་ཤོག་འདི་ནས་དར་སོང་།
གཏམ་རྒྱུད་ཡག་ལ་གཏམ་རྒྱུད་ཡག
གཏམ་རྒྱུད་ཡག་ལ་གཏམ་རྒྱུད་ཡག
ལྷ་སའི་ཇོཤཱཀ་རྣམ་གཉིས།
གསེར་དངུལ་མཇལ་ཁ་ཞུས་ཡོད།
ཁྱི་དང་སྤྲང་པོ་གཉིས་ལ།
དགེ་བའི་སྦྲང་ཆར་བསྙིལ་ཡོད།
ཁྱི་དང་སྤྲང་པོ་གཉིས་ལ།
དགེ་བའི་སྦྲང་ཆར་བསྙིལ་ཡོད།
དགེ་བའི་སྦྲང་ཆར་བསྙིལ་ཡོད།