
作词 : 洛群
བཀྲ་ཤིས་མགྲོན་བསུ།
吉祥迎客
ཚིག་ བློ་ཆོས།
词:洛群
གདངས་ མངའ་རིས་དམངས་གཞས།
曲: 阿里民歌
རོལ་མོ་/སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
编曲/混音: 周强加
བརྙན་ལེན་སྒྲིག་སྦྱོར། པདྨ།
拍摄后期: 白玛
ལེན་མཁན་ བློ་ཆོས། དབུ་རྒྱན་ཉི་མ།
演唱: 洛群 吴金尼玛
发行:念藏音乐
(歌词大意)
གངས་སྟོད་མཐོན་པོ་ཕར་ཕྱིན་ཚུར་ཕྱིན་ལ།
巍峨雪峰往复行
མགྲོན་པོ་མ་དང་སྲུ་མོ་རེད།
来客乃是母姨眷
མ་སྲུ་འགྲོ་བའི་ལམ་ལ་བཀྲ་རེ་ཤིས།
母姨前行路途上
མ་སྲུ་འགྲོ་བའི་ལམ་ལ་དོན་རེ་འགྲུབ།
愿得祥瑞伴征程
ཕྱག་གཡོན་ལ་བཀྲ་ཤིས་མཆོད་ཆང་བཀྱག
左手敬献吉庆酒
བཀྲ་ཤིས་མཆོད་ཆང་བཀྲ་ཤིས་ཤོག
吉庆琼浆祝祥瑞
ཕྱག་གཡས་ལ་ཕྱེ་མར་ཆུན་པོ་བཀྱག
右手捧上满酥油
ཕྱེ་མར་ཆུན་པོ་ཡང་ཡང་ཁུར་སེ་ཁུར།
酥油丰盈再三斟
གནམ་འཁོར་ལོ་རྩིབས་བརྒྱད་མར་ནང་ནས།
天有八辐金轮转
ས་པད་མ་འདབ་བརྒྱད་ཡར་ནང་ནས།
地生八瓣莲蕊绽
ང་ཚོ་གུར་གཅིག་མ་ཕུབ་གུར་གཅིག་ཕུབ།
我等帐幕次第立
གུར་མགོ་ཡ་ལ་གསེར་རྡོག་ཧྲུག་སེ་ཧྲུག།
一顶未竖一顶起
གུར་སྐེད་ཡ་ལ་འཇའ་ཚོན་ཐེབས་སེ་ཐེབས།
帐帘虹彩幻变生
གུར་མཐའ་ཡ་ལ་ཨ་ལོང་སིལ་སིལ་སིལ།
帐角流苏轻摇曳
བདེ་སྟོད་མཐོན་པོ་ཕར་ཕྱིན་ཚུར་ཕྱིན་ལ།
巍峨福地往复行
མགྲོན་པོ་ཕ་དང་ཨ་ཁུ་རེད།
来客乃是父叔亲
ཕ་ཁུ་འགྲོ་བའི་ལམ་ལ་བཀྲ་རེ་ཤིས།
父叔前行路途上
ཕ་ཁུ་འགྲོ་བའི་ལམ་ལ་དོན་རེ་འགྲུབ།
愿得祥瑞伴征程
ཕྱག་གཡོན་ལ་བཀྲ་ཤིས་ཁ་བཏགས་ཁྱེར།
左手敬呈吉祥哈达
བཀྲ་ཤིས་ཁ་བཏགས་བཀྲ་ཤིས་ཤོག།
吉祥哈达祝祥瑞
ཕྱག་གཡས་ལ་བདུད་རྩིའི་གཡང་ཕོར་བཀྱག
右手捧持甘露宝瓶
བདུད་རྩི་གཡང་ཕོར་ལུས་ལ་སྨན་སེ་སྨན།
甘露宝瓶养身心
གནམ་འཁོར་ལོ་རྩིབས་བརྒྱད་མར་ནང་ནས།
天有八辐金轮转
ས་པད་མ་འདབ་བརྒྱད་ཡར་ནང་ནས།
地生八瓣莲蕊绽
ང་ཚོ་གུར་གཅིག་མ་ཕུབ་གུར་གཅིག་ཕུབ།
我等帐幕次第立
གུར་མགོ་ཡ་ལ་གསེར་རྡོག་ཧྲུག་སེ་ཧྲུག།
一顶未竖一顶起
གུར་སྐེད་ཡ་ལ་འཇའ་ཚོན་ཐེབས་སེ་ཐེབས།
帐帘虹彩幻变生
གུར་མཐའ་ཡ་ལ་ཨ་ལོང་སིལ་སིལ་སིལ།
帐角流苏轻摇曳
འགྲོ་སྟོད་མཐོན་པོ་ཕར་ཕྱིན་ཚུར་ཕྱིན་ལ།
巍峨福途往复行
མགྲོན་པོ་ཡག་ལ་འགྲོ་བ་བཟང་པོ་རེད།
贵客来临皆善缘
འགྲོ་བ་འགྲོ་བའི་ལམ་ལ་བཀྲ་རེ་ཤིས།
贵宾前行路途上
ཁ་གཞས་འགྲོ་བའི་ལམ་ལ་དོན་རེ་འགྲུབ།
歌谣相伴愿功成
ཕྱག་སོར་གཉིས་པོས་བཀྲ་ཤིས་སྒྲ་སྙན་དཀྲོལ།
双手同奏妙音法螺
བཀྲ་ཤིས་སྒྲ་སྙན་བཀྲ་ལ་ཤིས་པར་ཤོག།
吉祥法螺报佳音
ཕྱག་སོར་གཉིས་པོ་རྒྱང་རིང་མགྲོན་པོ་བསུ།
双手远迎尊贵客
རྒྱང་རིང་མགྲོན་པོ་བསམ་དོན་འགྲུབ་པ་ཤོག
远客心愿皆圆满
གནམ་འཁོར་ལོ་རྩིབས་བརྒྱད་མར་ནང་ནས།
天有八辐金轮转
ས་པད་མ་འདབ་བརྒྱད་ཡར་ནང་ནས།
地生八瓣莲蕊绽
ང་ཚོ་གུར་གཅིག་མ་ཕུབ་གུར་གཅིག་ཕུབ།
我等帐幕次第立
གུར་མགོ་ཡ་ལ་གསེར་རྡོག་ཧྲུག་སེ་ཧྲུག།
一顶未竖一顶起
གུར་སྐེད་ཡ་ལ་འཇའ་ཚོན་ཐེབས་སེ་ཐེབས།
帐帘虹彩幻变生
གུར་མཐའ་ཡ་ལ་ཨ་ལོང་སིལ་སིལ་སིལ།
帐角流苏轻摇曳
ཐེབས་སེ་ཐེབས་གུར་མཐའ་ཡ་ལ་ཨ་ལོང་སིལ་སིལ་སིལ།
帐角流苏轻摇曳