
作曲 : 玉科措姆
རྟེན་འབྲེལ།
ཚིག་དམངས་ཁྲོད།
དབྱངས་ མཆོད་རྟེན།
ལེན་མཁན་གཡུ་ཁོག་མཚོ་མོ།
སྟག་ཤར་ར་འདི་ཕོ་ལྷ་དགྲ་སླས་སྲུངས།།
སྐེད་གྲུ་ཐུང་འདི་གྲུབ་ཆེན་འབར་བས་སྲུངས།
སྐེ་ཕྱག་མདུད་ཕྱག་ན་རྡོ་རྗེས་སྲུངས་།།
སྲུངས་འདི་གསུམ་འཛོམས་པའི་རྟེན་འབྲེལ་ཡོད།།
སྨན་བུ་མོ་འདི་ལུས་ལྷ་གླིང་གིས་སྲུངས།།
རྒྱབ་གོས་ཕྲུག་འདི་སྒྲོལ་མ་ལྗང་མོས་སྲུངས།།
སྐེ་གཡུ་བྱུར་འདི་མ་དང་མཁའ་འགྲོས་སྲུངས།།
སྲུངས་འདི་གསུམ་འཛོམས་པའི་རྟེན་འབྲེལ་ཡོད།།
རྟ་འདོ་བ་འདི་རྟ་མགྲིན་དམར་པོས་སྲུངས་།།
སྒའི་བེ་ཤིང་འདི་དགའ་ལྡན་གསེར་ཁྲིས་སྲུངས།།
སྲབ་སིལ་མ་འདི་རིགས་གསུམ་མགོན་པོས་སྲུངས།།
སྲུང་འདི་གསུམ་འཛོམས་པའི་རྟེན་འབྲེལ་ཡོད།།