作词 : 民间
作曲 : 民间
编曲 : 扎朗
ཀོ་བ་བཏང་ནས་མ་འགྲོ། ལ།
ཀོ་བ་བཏང་ནས་མ་འགྲོ།
བསྭོ་ཡ་ལ། དོན་གྲུབ་དཔའ་མོ་སྙིང་རྗེ།
བསྭོ་ཡ་ལ། དོན་གྲུབ་དཔའ་མོ་སྙིང་རྗེ།
ཤིག་ཤིག་ཁྲ་མོ་གཡེར་ཁའི་སྐད་རེད།
ཤིག་ཤིག་ཁྲ་མོ་གཡེར་ཁའི་གསུང་རེད།
གཙང་གི་བུ་མོ་བྲོ་ལོ་གཡེར་ཁ་ཤིག་ཤིག
ནོར་བུ་བཟང་པོ་བྲོ་ལོ་གཡེར་ཁ་ཧྲོག་ཧྲོག
ཕྱི་ལ་བཏང་། ཕྱི་ལ་ཤིག ནང་ལ་བཏང་། ནང་ལ་ཧྲོག
ཤིག་སེ་མར་ལ་ཤིག་ཤིག ཧྲོག་སེ་མར་ལ་ཧྲོག་ཧྲོག
བུ་མོའི་སྙིང་གཏམ་ཕྲ་མོ། ལ།
བུ་མོའི་སྙིང་གཏམ་ཕྲ་མོ།
བསྭོ་ཡ་ལ། ཆུ་མོར་ཞུ་ཡས་མིན་འདུག
བསྭོ་ཡ་ལ། ཆུ་མོར་ཞུ་ཡས་མིན་འདུག
ཤིག་ཤིག་ཁྲ་མོ་གཡེར་ཁའི་སྐད་རེད།
ཤིག་ཤིག་ཁྲ་མོ་གཡེར་ཁའི་གསུང་རེད།
གཙང་གི་བུ་མོ་བྲོ་ལོ་གཡེར་ཁ་ཤིག་ཤིག
ནོར་བུ་བཟང་པོ་བྲོ་ལོ་གཡེར་ཁ་ཧྲོག་ཧྲོག
ཕྱི་ལ་བཏང་། ཕྱི་ལ་ཤིག ནང་ལ་བཏང་། ནང་ལ་ཧྲོག
ཤིག་སེ་མར་ལ་ཤིག་ཤིག ཧྲོག་སེ་མར་ལ་ཧྲོག་ཧྲོག
ཀོ་བ་ཚུར་ལ་གཏོང་དང་། ལ།
ཀོ་བ་ཚུར་ལ་གཏོང་དང་།
བསྭོ་ཡ་ལ། བུ་མོ་ཐུགས་ལ་བཞག་རོགས།
བསྭོ་ཡ་ལ། བུ་མོ་ཐུགས་ལ་བཞག་རོགས།
ཤིག་ཤིག་ཁྲ་མོ་གཡེར་ཁའི་སྐད་རེད།
ཤིག་ཤིག་ཁྲ་མོ་གཡེར་ཁའི་གསུང་རེད།
གཙང་གི་བུ་མོ་བྲོ་ལོ་གཡེར་ཁ་ཤིག་ཤིག
ནོར་བུ་བཟང་པོ་བྲོ་ལོ་གཡེར་ཁ་ཧྲོག་ཧྲོག
ཕྱི་ལ་བཏང་། ཕྱི་ལ་ཤིག ནང་ལ་བཏང་། ནང་ལ་ཧྲོག
ཤིག་སེ་མར་ལ་ཤིག་ཤིག ཧྲོག་སེ་མར་ལ་ཧྲོག་ཧྲོག
བུ་མོ་ཆུ་མོའི་འགྲམ་དུ། ལ།
བུ་མོ་ཆུ་མོའི་འགྲམ་དུ།
བསྭོ་ཡ་ལ། སེམས་པ་སྐྱོ་རུ་མ་འཇུག