
བུ་མོ་ཚེ་རིང་བཟང་མོ།
བརྩེ་བའི་འདུན་མ་ཞིག་གིས་་་་་་་་
འུ་གཉིས་འདི་ནས་འཛོམས་བྱུང།
འདི་ནས་འཛོམས་བྱུང།
ཕན་ཚུན་སྙིང་གཏམ་གླེང་བས།
སྙིང་གཏམ་གླེང་བས་ཡེ་་་་་་་་
ཨ་ཧ་ཧ་་་་་་་་་་་་་་་་་
ཡིད་སེམས་གཅིག་ལ་འདྲེས་སོང།
ང་ཚོ་དེ་རིང་བྲལ་བ་་་་་་་་་་
བྱ་བའི་མདུན་ན་གཅིག་རེད།
མདུན་ན་གཅིག་རེད།
མཛའ་མོའི་སེམས་པ་མ་སྐྱོ།
སེམས་པ་མ་སྐྱོ།
ཨ་ཧ་ཧ་་་་་་་་་་་་་་་
བྲལ་བ་འཇིག་རྟེན་ཆོས་ཉིད།
ཕན་ཚུན་བྲལ་བའི་དུས་ལ་་་་་་་་
སྡུག་པའི་མིག་ཆུ་མ་གཏོར།
མིག་ཆུ་མ་གཏོར།
གཅིག་ན་མཛའ་བ་ཡོད་ན།
མཛའ་བ་ཡོད་ན།
ཨ་ཧ་ཧ་་་་་་་་་་་་་་
གསོན་པའི་ལས་དབང་ལོས་ཡོད།
བུ་མོ་ཚེ་རིང་བཟང་མོ་་་་་་་་་་་
ནད་མེད་ཚེ་རིང་ལོ་བརྒྱ།
ཚེ་རིང་ལོ་བརྒྱ།
གང་འབྲེལ་བྱ་གཞག་ཐམས་ཅད།
བྱ་གཞག་ཐམས་ཅད།
ཨ་ཧ་ཧ་་་་་་་་་་་་་་་་་་
གཏན་དུ་བཀྲ་ཤིས་བདེ་ལེགས།
ཨ་ཧ་ཧ་་་་་་་་་་་་་་་་་་
གཏན་དུ་བཀྲ་ཤིས་བདེ་ལེགས།
གཏན་དུ་བཀྲ་ཤིས་བདེ་ལེགས།