
作词 : WanMA音乐
作曲 : WanMA音乐
编曲 : WanMA音乐
ང་ཁྱེད་ལ་དགའ་བ་ཚིག་ལ་བྲིས་ཡོད།
ང་ཁྱེད་ལ་དུང་བ་དབྱངས་སུ་གྱེར་ཡོད།
ལས་མེད་པའི་གསང་ལམ་རིང་ན་ཐུང་ན།
སེམས་ཁེར་རྐྱང་འདི་ལ་བདག་པོ་གཞན་མེད།
སྡེ་ཆེན་བུ་མོ།
འུ་གཉིས་ལ་ལས་དབང་མེད་ཀྱང་དྲག་ཀི།
ཞེ་འདང་གི་ཉི་མས་ཁྱོད་རང་བསྲོ་ཆོག
སྙིང་སྡུག་ལགས། སྡེ་ཆེན་བུ་མོ།
ང་ཁྱེད་ལ་ལོབས་པ་སུས་ཀྱང་མི་རྟོགས།
ང་ཁྱེད་ལ་མཐུན་པ་མི་ཁས་མ་ཁོགས།
ལས་མེད་པའི་སྐྱེ་བ་སྔ་ན་འཕྱི་ན།
སེམས་དམར་པོ་འདི་ལ་ར་མདའ་གཞན་མེད།
སྡེ་ཆེན་བུ་མོ།
འུ་གཉིས་ལ་ལས་དབང་མེད་ཀྱང་དྲག་ཀི།
ཕྱིར་མིག་གི་ཟླ་བས་ཁྱོད་རང་མཐོང་ཆོག
སྙིང་སྡུག་ལགས། སྡེ་ཆེན་བུ་མོ།
ཁྱོད་ང་ཡིས་དྲན་པ་བྲིས་ན་མི་རྫོགས།
ཁྱོད་ང་ཡིས་གླེང་བ་བརྗོད་ན་མི་ཚར།
ལས་མེད་པའི་ལོ་ཟླ་འཁྱག་ན་དྲོ་ན།
སྙིང་གསོན་པོ་འདི་ལ་བདག་པོ་གཞན་མེད།
སྡེ་ཆེན་བུ་མོ།
འུ་གཉིས་ལ་ལས་དབང་མེད་ཀྱང་དྲག་ཀི།
མཚན་མོ་ཡི་སྐར་མས་ཁྱོད་རང་བསྲུང་ཆོག
སྙིང་སྡུག་ལགས། སྡེ་ཆེན་བུ་མོ།