作词 : 才旭旦贝仲劢
作曲 : 罗萨
编曲 : 求知
制作人 : 索南旦尕
ཆ་འགྲིག་མཐུན་པ་རིང་མོ།
ཚིག་རྩོམ་མཁན། ཚེ་ཤུལ་བསྟན་པའི་སྒྲོན་མེ།
དབྱངས་རྩོམ་མཁན། བློ་གསལ།
གཞས་གཏོང་མཁན།བློ་གསལ། ཆོས་འགྲུབ།
གླུ་གཞས་ཁྱབ་སྤེལ། རྫ་སྟོད་ཆོས་འཕེལ་རིག་གནས།
ཡར་འབྲོག་གཡུ་མཚོའི་ནང་ན།།
གསེར་མིག་ཉ་ཆུང་གཉིས་ཡོད།།
ཆུ་བོ་གཅིག་ལ་གནས་ཡོད།།
བཞུར་རྒྱུན་གཅིག་ལ་འགྲོས་ཤོག།
རྨ་ཆེན་གངས་རིའི་འདབས་ན།།
རི་དྭགས་ཤྭ་བ་གཉིས་ཡོད།།
རི་རྒྱུད་གཅིག་ལ་འཛོམས་ཡོད།།
ནགས་ཚལ་གཅིག་ལ་འཚོ་ཤོག།
ཨ་སྔོན་ནམ་མཁའི་དབྱིངས་ན།།
ལྷ་བྱ་ཁྲུང་ཁྲུང་གཉིས་ཡོད།།
གནམ་འཕང་གཅིག་ལ་གཏད་ཡོད།།
མཚོ་མཐའ་གཅིག་ལ་བབས་ཤོག།
ཕ་ཡུལ་རྩྭ་ཐང་པང་ན།།
མེ་ཏོག་དཀར་དམར་གཉིས་ཡོད།།
དུས་ཚེས་གཅིག་ལ་བཞད་ཡོད།།
འབྱུང་བ་གཅིག་ལ་སྨོན་ཤོག།
སྡེ་ཆེན་ཁྲོམ་པའི་ནང་ན།།
ཆུང་འདྲེས་སེམས་འདྲེས་གཉིས་ཡོད།།
སྐྱིད་སྡུག་གཅིག་ལ་བཅོལ་ཡོད།།
འཁོར་བ་གཅིག་ལ་འཛོམས་ཤོག།
སྙན་པའི་གཞས་ཆུང་ནང་ན།།
ལས་ཀྱི་གླུ་སྐད་གཉིས་ཡོད།།
དབྱངས་རྟ་གཅིག་ལ་བརྒྱུས་ཡོད།།
འགྱུར་ཁུག་གཅིག་ལ་འགུགས་ཤོག།
