
编曲 : WanMA音乐
དགུང་ཨ་སྔོན་ནོར་བུའི་ཕོ་བྲང་ན།།
འབྲུག་ཕོ་ཆུང་གཡུ་ཡི་ཁྲབ་རིས་ཅན།།
ཆར་བསིལ་མའི་མུ་ཏིག་ཕྲེང་ཡག་མ།།
ས་དོག་མོའི་པང་གི་ཞིང་ལ་ཕོབས།།
འབྲུ་སྣ་ལྔའི་ལྗང་ཆུང་སྐྱེ་ཡག་མ།།
མཛོད་གྲུ་བཞིའི་གསེར་གྱི་གཞོང་ལ་བཅུ།།
རྫ་ཁྲ་ཡག་ནོར་བུའི་ཕོ་བྲང་ན།།
ཤྭ་གྲོ་ཁྲ་དུང་གི་ཤེའུ་ཐིག་ཅན།།
རྩྭ་རྩི་ཤིང་གསེར་རྐང་སྒྲིག་ཡག་མ།།
ན་གོར་མོའི་ཁུགས་ཀྱི་ནོར་ལ་སྐྱུར།།
འབྲི་ཐུལ་མའི་འོ་མ་བཅུད་བཟང་མ།།
ཁྱིམ་གྲུ་བཞིའི་གཡང་གི་ཟོ་ལ་བཅུ།།
ཐང་ཆེན་པོ་ནོར་བུའི་ཕོ་བྲང་ན།།
རྟ་འདོ་བ་ཉི་ཟླའི་མགོ་རྣ་ཅན།།
རྒྱུག་གོམ་ལག་རླུང་བུ་གཤོག་ཐོགས་མ།།
ས་བྱང་ལམ་རིང་མོའི་མཚམས་ལ་ཞོག།
ལས་རླུང་རྟའི་བསོད་ནམས་རང་འགྲུབ་མ།།
སྟག་ཤ་རའི་གཙུག་གི་ནོམ་ལ་ལེན།།