作词 : 才旭·旦贝仲劢
作曲 : 求知
གླུ་མཆོད་སྲིད་པའི་ངག་རྟ།
世间妙音
ཚིགཚེ་ཤུལ་བསྟན་པའི་སྒྲོན་མེ།
作词: 才旭·旦贝仲劢
དབྱངས། ཆོས་འགྲུབ།
作曲:求知
ལེན་མཁན། བློ་གསལ། ཚེ་དཔལ།
演唱:罗萨&阿克才华
བརྙན་རིས་ལག་རྩལ་པ།ཨ་མཆོག
摄影/剪辑:阿曲
རོལ་མོ། བློ་གསལ།
编曲:罗萨
སྒྲ་ལེན་ཞིབ་སྦྱོར།ཆོས་འགྲུབ།
录音后期:求知
བརྡ་ཁྱབ་ཇུས་འགོད། ཚེ་དབང་སྐྱབས།
海报设计:才昂杰
༡
འཁོར་འདས་དབྱངས་ལ་བརྒྱུས་ནས།
看破红尘曲未央
ཆོས་ཉིད་གླུ་རུ་བཞེངས་ན།།
无常谱就九回肠
ཚངས་སྲས་དབྱངས་སྙན་ཅན་དེས།།
天女妙音垂法露
དངོས་གྲུབ་ངག་ལ་བསྩལ་ན།།
加持顿觉月临窗
དག་པའི་སྣང་བ་ཡིན་པའི།།
正觉洁如千嶂雪
རྣམ་དག་དམ་ཚིག་བདུད་རྩི།།
戒津甘胜百花糖
མགྲིན་པའི་དབྱངས་སུ་བཞེངས་བའི།།
旋律涌成三昧海
བདེན་ཚིག་གདམས་པ་འབེབས་ཆོག།
真理唱彻五云乡
རང་བྱུང་གླུ་སྐད་ནང་གི།།
自然声共松风响
ངག་དབང་དབྱངས་ཅན་ལྷ་མོས།།
天女心同莲蕊香
ཐུགས་བརྒྱུད་དབྱངས་ལ་བསྐུལ་ནས།།
一念圆融周法界
སྙན་འགྱུར་གླུ་ཡིས་ཁྱབ་ཡོང་།།
万方齐奏紫金簧
༢
སྣང་བ་དབྱངས་ལ་འགུགས་ནས།།
唱彻真情绕雪丘
དུས་གསུམ་གླུ་རུ་བཞེངས་ན།།
三时妙谛共云浮
མེས་པོ་བྱིན་རླབས་ཅན་དེས།།
故人有福承甘露
ཐུགས་བརྒྱུད་ངག་ལ་བསྐུལ་ན།།
圣教精神万古流
གངས་ཀྱི་སྨོན་འདུན་ཡིན་པའི།།
祝福如风融骨血
མཛའ་མཐུན་མི་འགྱུར་རི་མོ།།
友情似水润深喉
རུས་པའི་རྐང་ལ་འཐིམ་པའི།།
音波浩荡成法海
དབྱངས་ཀྱི་རྒྱ་མཚོ་སྐྱོམས་ཆོག།
心印慈悲载愿舟
སྣང་བའི་གླུ་སྐད་ནང་གི།།
佛光永驻金刚界
ལྷ་ཡིས་ཐུགས་རྗེ་གཟིགས་ནས།།
加持长萦白玉楼
བྱིན་རླབས་བོད་ལ་འཁྲུངས་ཏེ།།
雪域祥辉恒照世
གངས་ཀྱི་དབུ་འཕང་མཐོ་ཡོང་།།
雪山如偈立千秋
༣
ཚོར་བ་དབྱངས་ལ་སྐྱོམས་ནས།།
唱尽深情绕雪津
འཁོར་བ་གླུ་རུ་བཞེངས་ན།།
轮回道破见天真
ཆུང་འདྲེས་འདང་བརྩེ་ཅན་དེས།།
青梅竹马春衫薄
སྣང་བ་ངག་ལ་འགུགས་ན།།
你侬情浓比月新
བརྩེ་བའི་མནའ་ཚིག་ཡིན་པའི།།
诺似金绳系三世
ཞེ་འདང་འོ་མའི་མར་ལོ།།
爱如酥酪润千尘
སྙིང་གི་དཀྱིལ་ན་འཁྱིལ་བའི།།
心河长淌缠绵意
འཇིག་རྟེན་སྣང་བ་མཐུན་ཆོག།
痛醒方知缘劫因
དུང་བའི་གླུ་སྐད་ནང་གི།
歌里相思裁作锦
རོགས་ལོའི་ཕྱིར་མིག་གནང་ནས།།
眸中眷恋转成轮
ཁ་ཚིག་ཞེ་ལ་བབས་ཏེ།།
情言化日融冰岭
སྙིང་གི་བརྩེ་བ་དམར་ཡོང་།།
暖入灵田种玉珍
