
作词 : 仁增太
作曲 : 仁增太
ཆུང་གྲོགས་དྲན་མགུར།
ཚིག་དང་དབྱངས། རིག་འཛིན་ཐར།
ལེན་མཁན། རིག་འཛིན་ཐར།
གླུ་ཚིག་ཡིག་བསྒྱུར། ཟླ་ཚང་དཀར་མོ་སྐྱིད།
རོལ་མོ་དང་སྒྲ་ལེན་ཞིབ་སྦྱོར། ཤེར་བྷ།
རོལ་མོ་ལྟ་སྐུལ་པ། འབྲུག་ཆུང་རྒྱལ།
ཆུ་གཙང་པོ་མཐོང་ན་ཆུང་གྲོགས་དྲན།།
གཏམ་ཀུ་རེའི་ཁྲོད་ཀྱི་དགོད་སྒྲ་དྲན།།
རི་མཐོན་པོར་རླུང་རྟ་སྤུར་བ་དྲན།།
རྟ་འདོ་བའི་གོང་གི་སྣང་བ་དྲན།།
ཨ་ལ་ཡེ།
ཆུང་སྤུན་གྲོགས་རྫ་རིའི་ཆུ་ཕྲན་ཡིན།།
གངས་དཀར་བོའི་བཅུད་ཀྱི་ཉིང་ཁུ་ཡིན།།
འདང་ཆུ་རྒྱུན་བཞུར་འདྲའི་ཆུང་གྲོགས་ཁྱོད།།
ཡུལ་ས་མཐར་འགྲིམས་རུང་བརྗེད་མེད་རེད།།
འདང་ཆུ་རྒྱུན་བཞུར་འདྲའི་ཆུང་གྲོགས་ཁྱོད།།
ཡུལ་ས་མཐར་འགྲིམས་རུང་བརྗེད་མེད་རེད།།
སྤང་མེ་ཏོག་མཐོང་ན་ཆུང་འདྲིས་དྲན། །
རྫ་སྨུག་ལོང་ཁྲོད་ནས་འཕྲད་པ་དྲན།།
ཆར་བསིལ་མས་རྒྱུད་ནས་བརླན་པ་དྲན།།
ན་མེ་ཏོག་མགུལ་ལ་བཏགས་པ་དྲན།།
ཨ་ལ་ཡེ།
ཆུང་བྱམས་པ་རྫ་ཁའི་མེ་ཏོག་ཡིན།།
ཆར་ཟིལ་བ་ཆགས་པའི་མེ་ཏོག་ཡིན།།
འཛུམ་མེ་ཏོག་བགད་འདྲའི་ཆུང་འདྲིས་ཁྱོད།།
ན་ལོ་ཚོད་རྒས་རུང་བརྗེད་མེད་རེད།།
འཛུམ་མེ་ཏོག་བགད་འདྲའི་ཆུང་འདྲིས་ཁྱོད།།
ན་ལོ་ཚོད་རྒས་རུང་བརྗེད་མེད་རེད།།
དགུང་ཨ་སྔོན་མཐོང་ན་ཆུང་དུས་དྲན།།
ལོ་གཞོན་པའི་དུས་ཀྱི་རང་ཉིད་དྲན།།
གདོང་ཉི་མས་ཚིག་པའི་ལོ་ཟླ་དྲན།།
སྐྲ་རལ་ལུ་རླུང་ལ་བསྐྱོད་པ་དྲན།།
ཨ་ལ་ཡེ།
ཆུང་བྱིས་པའི་སེམས་རྒྱ་ནམ་མཁའ་ཡིན།།
བྱ་རྒོད་པས་ལྡིང་སྐོར་རྒྱག་ས་ཡིན།།
ཆུང་བྱིས་པའི་དུས་ཀྱི་སྣང་བ་དེ།།
གཟུགས་ན་ཚོད་རྒས་ན་ཇེ་དྲན་རེད།།
ཨ་ལ་ཡེ།
ཆུང་བྱིས་པའི་སེམས་རྒྱ་ནམ་མཁའ་ཡིན།།
བྱ་རྒོད་པས་ལྡིང་སྐོར་རྒྱག་ས་ཡིན།།
ཆུང་བྱིས་པའི་དུས་ཀྱི་སྣང་བ་དེ།།
གཟུགས་ན་ཚོད་རྒས་ན་ཇེ་དྲན་རེད།།
ཆུང་བྱིས་པའི་དུས་ཀྱི་སྣང་བ་དེ།།
གཟུགས་ན་ཚོད་རྒས་ན་ཇེ་དྲན་རེད།།
གཟུགས་ན་ཚོད་རྒས་ན་ཇེ་དྲན་རེད།།