
作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ ལས་ལ་བཀོད་པའི་མི། ༽
ཚིག་ རྡོ་རྗེ་རྒྱལ་པོ།
གདངས་ བསྒྱུར་བཟོ།
གཞས་གཏོང་མཁན་ རྡོ་རྗེ་རྒྱལ་པོ་དང་བདེ་སྐྱིད་སྒྲོལ་དཀར།
དྲྭ་ཐོག་བསྒྲིག་བཟོ་འགྲེམ་སྤེལ་ སྒང་•ལྷག་རྒོད།
ཐེ་ཚོམ་མ་གནང་རོགས་གནང།
ང་ལ་བཤད་རོགས་གནང།
སེམས་ནད་གང་ཡོད་ང་ལ་བཤད་རོགས་གནང།
གལ་སྲིད་ཁྱེད་རང་གྱིས་སེམས་ནང་ཉར་བསྡད་ན།
དའ་ ང་ཡི་སེམས་ནས་ན་ཚ་བཟོས་པ་འདུག།
དོགས་པ་མ་མ་ཟ་རོགས་གནང།
སེམས་ནད་གང་ཡང་མེད།
གཙོ་བོ་དེ་ཁྱེད་ལ་དགའ་དྲགས་པའི་རྐྱེན་རེད།
ཉི་མ་གཅིག་ཙམ་ལས་ཁྱེད་རང་འགྲམ་ལ་མི་གནས།
ང་བཟས་པའི་བཅུད་དང་ཉལ་བའི་གཉིད་མི་ཁུག།
ད་ང་གཉིས་—དཀོན་མཆོག་གིས།
ལས་ལ་བསྐོས་པའི་མི་དེ་རེད།
ཕན་ཚུན་དགའ་བ་དེ་ཡང་བསམ་ཡུལ་ལས་འདས།
ད་ནས་བཟུང་སྟེ་ཕན་ཚུན་ངོ་ཚ་ནི་མི་གནང།
སེམས་ལ་བསམ་པ་ཐེ་ཚོམ་མེད་པར་བཤད།
བོད་གཞས་གསན་པར་ཐུགས་བརྗེ་ཆེ།
དོགས་པ་མ་ཟ་རོགས་གནང།
སེམས་ནད་གང་ཡང་མེད།
གཙོ་བོ་དེ་ཁྱེད་ལ་དགའ་དྲགས་པའི་རྐྱེན་རེད།
དུས་རབས་ཟང་ཟིང་འདི་མི་སེམས་འགྱུར་བ་ཆེ་ཡང།
ང་གཉིས་བར་ལ་བར་ཆད་མེད་པར་ཤོག།
འགྲོ་གིན་འགྲོ་གིན་གྱང་ལ་རྡུང་སོང།
ཨ་ཙི་ངོ་ཚ་ལ།
ལས་ལ་བསྐོས་པའི་བུ་མོ་དེ་འཕྲད་སོང་བསམ།
གལ་སྲིད་ཡང་བསྐྱར་ལ་ཐུག་པའི་གོ་སྐབས་བྱུང་ན།
འཕྲད་པའི་ལས་ལ་གཅེས་འཛིན་བྱེད་དགོས་བསམ།
ད་ང་གཉིས་—དཀོན་མཆོག་གིས།
ལས་ལ་བསྐོས་པའི་མི་དེ་རེད།
ཕན་ཚུན་དགའ་བ་དེ་ཡང་བསམ་ཡུལ་ལས་འདས།
ད་ནས་བཟུང་སྟེ་ཕན་ཚུན་ངོ་ཚ་ནི་མི་གནང།
སེམས་ལ་བསམ་པ་ཐེ་ཚོམ་མེད་པར་བཤད།
ད་ང་གཉིས་—དཀོན་མཆོག་གིས།
ལས་ལ་བསྐོས་པའི་མི་དེ་རེད།
ཕན་ཚུན་དགའ་བ་དེ་ཡང་བསམ་ཡུལ་ལས་འདས།
དུས་ཚོད་ལ་བཟང་པོའི་གཟའ་སྐར་ཞིག་འདེམ་ནས།
ང་གཉིས་མཉམ་དུ་ཕ་མ་ཐུག་ཁར་འགྲོ།
ང་གཉིས་མཉམ་དུ་ཕ་མ་ཐུག་ཁར་འགྲོ།
ང་གཉིས་མཉམ་དུ་ཕ་མ་ཐུག་ཁར་འགྲོ།
滚动歌词贡献者:岗·拉贵