གཞོན་པའི་བཀོད་ཐང་།
གཞས་ཚིག ཚ་རྡེའུ
གཞས་དབྱངས མགར་བསམ་འགྲུབ་ཚེ་རིང།
ལེན་མཁན མགར་བསམ་འགྲུབ་ཚེ་རིང། བསྟན་འཛིན་རྒྱལ།
འཇིག་རྟེན་རྩེད་ར་ཕྱོགས་མེད་སྒོ་མེད་རེད།།
ཆུང་ཆུང་རྩེད་རོགས་ཕྱི་རིམ་ནང་རིམ་རེད།།
ལས་ལམ་ཕྲ་མོ་གཡུང་དྲུང་ལག་འཁྱུད་རེད།།
གཞོན་པའི་སྣང་བ་མདའ་མོ་ལྟོང་ཤོར་རེད།།
ཚེ་རིང་ལགས།
སྟག་ཤར་གཞོན་པའི་བཀོད་ཐང་རེད།
ཚེ་རིང་ལགས།
སྟག་ཤར་གཞོན་པའི་བཀོད་ཐང་རེད།
རེ་བའི་གོམ་ཆུང་རྒྱང་ལ་ལེན་པ།
རང་བློ་རང་ལ་འཁྲུངས་རྟགས་རེད།
རེ་བའི་གོམ་ཆུང་རྒྱང་ལ་ལེན་པ།
རང་བློ་རང་ལ་འཁྲུངས་རྟགས་རེད།
དེ་འདྲའི་ཉམས་བཟང་པོ་ལ།
མི་ཡུལ་ལུང་པ་ལ་དགུ་ལུང་དགུ་རེད།།
མི་ཚེའི་ལམ་གྲོགས་ཆ་ཡོད་ཆ་མེད་རེད།།
བྱས་བྱས་གཏད་སོ་ད་ཡོད་ད་མེད་རེད།།
གཞོན་པའི་སྣང་བ་རྩྭ་སྐྱ་མེ་ཤོར་རེད།།
ཚེ་རིང་ལགས།
སྟག་ཤར་གཞོན་པའི་བཀོད་ཐང་རེད།
ཚེ་རིང་ལགས།
སྟག་ཤར་གཞོན་པའི་བཀོད་ཐང་རེད།
རེ་བའི་གོམ་ཆུང་རྒྱང་ལ་ལེན་པ།
རང་བློ་རང་ལ་འཁྲུངས་རྟགས་རེད།
རེ་བའི་གོམ་ཆུང་རྒྱང་ལ་ལེན་པ།
རང་བློ་རང་ལ་འཁྲུངས་རྟགས་རེད།
དེ་འདྲའི་ཉམས་བཟང་པོ་ལ།
ཐོད་པའི་ཐང་ཆེན་སྐྱ་རེས་སྔོ་རེས་རེད།།
ཐོབ་ཤོར་བེའུ་ཆུང་རྟོད་རེས་ཤོར་རེས་རེད།།
སྐྱེ་བའི་བཀོད་ཐང་ཁ་ཁ་སོ་སོ་རེད།།
གཞོན་པ་རང་རང་ཆུ་ཆེན་རགས་ཤོར་རེད།།
ཚེ་རིང་ལགས།
སྟག་ཤར་གཞོན་པའི་བཀོད་ཐང་རེད།
ཚེ་རིང་ལགས།
སྟག་ཤར་གཞོན་པའི་བཀོད་ཐང་རེད།
རེ་བའི་གོམ་ཆུང་རྒྱང་ལ་ལེན་པ།
རང་བློ་རང་ལ་འཁྲུངས་རྟགས་རེད།
རེ་བའི་གོམ་ཆུང་རྒྱང་ལ་ལེན་པ།
རང་བློ་རང་ལ་འཁྲུངས་རྟགས་རེད།
དེ་འདྲའི་ཉམས་བཟང་པོ་ལ།
