བཀྲ་ཤིས་པའི་བྲག་སྒམ་པ།
ཚིག རྨ་འོད།
དབྱངས། གངས་མགོན་རྒྱལ།
ལེན་མཁན། ཤེར་བསྟན། དངོས་གྲུབ་སྒྲོལ་མ།
ཅོ་ནེ་ཡུམ་ཚེ་རིང་གིས་བསྒྱུར།
སྒྲོན་ཤིང་གཡས་ལ་ཤིགས་ཤིགས།།
ལྷ་ཤིང་གཡོན་ལ་ཤིགས་ཤིགས།།
གཡས་གཡོན་ལྗོན་པའི་གླིང་ན།།
སྨུག་སྤྲིན་རླངས་པ་ཤིགས་ཤིགས།།
ཨ་རྒྱུད་རྨ་རྒྱུད་རྫ་རྒྱུད།།
ཨ་ཕྲེང་བྲག་ཕྲེང་ཡང་ཕྲེང་།།
ཨ་ཕོ་དེ་བུད་གཡག་འཁུར།།
ཨ་མྱེས་གཉན་རྒན་དར་བ།།
ཐེ་བོ་བཙན་ལ་ཆགས་ཡོད།།
ཐེ་བོ་གཉན་ལ་ཆགས་ཡོད།།
ཐེ་ཇུ་རྫ་ར་གང་བོ།།
གནམ་སའི་རྒྱན་ལ་ཆགས་ཡོད།།
ཐེ་བོ་བཙན་ལ་ཆགས་ཡོད།།
ཐེ་བོ་གཉན་ལ་ཆགས་ཡོད།།
ཐེ་ཇུ་རྫ་ར་གང་བོ།།
གནམ་སའི་རྒྱན་ལ་ཆགས་ཡོད།།
སྔ་དྲོ་ཤར་ཞིང་ཡག་པ།།
ཕྱི་དྲོ་ནུབ་ཞིང་ཡག་པ།།
ཉི་ཟླའི་ཤར་ནུབ་འཕྲང་ན།།
བཙུན་མོ་དབུ་གདུགས་ཡག་པ།།
མདའ་འཁུར་གཡས་ལ་ཤིགས་ཤིགས།།
གཡས་ཀྱི་དཔུང་རྡང་ཤིགས་ཤིགས།།
འཕང་འཛིན་གཡོན་ལ་ཤིགས་ཤིགས།།
གཡོན་གྱི་སྒེག་འགྲོས་ཤིགས་ཤིགས།།
ཐེ་བོ་བཙན་ལ་ཆགས་ཡོད།།
ཐེ་བོ་གཉན་ལ་ཆགས་ཡོད།།
ཐེ་ཇུ་རྫ་ར་གང་བོ།།
གནམ་སའི་རྒྱན་ལ་ཆགས་ཡོད།།
ཐེ་བོ་བཙན་ལ་ཆགས་ཡོད།།
ཐེ་བོ་གཉན་ལ་ཆགས་ཡོད།།
ཐེ་ཇུ་རྫ་ར་གང་བོ།།
གནམ་སའི་རྒྱན་ལ་ཆགས་ཡོད།།
ཐེ་ཇུ་རྫ་ར་གང་བོ།།
གནམ་སའི་རྒྱན་ལ་ཆགས་ཡོད།།
