
作词 : 热西·嘎玛桑登
作曲 : 扎西才旦
དཔལ་མགོན་བསྟོད་གླུ།
གཞས་ཚིག རག་ཤི་ཀརྨ་བསམ་གཏན།
དབྱངས། བཀྲ་ཤིས་ཚེ་བརྟན་།
གླུ་བ། སོག་སྟག་འབྲུག
ས་གར་སྐྱིད་ཟེར་ན་འདི་སོ་སྐྱིད་། །
བྱང་དཔལ་མགོན་འབྲོག་སྡེའི་ས་ཆ་སྐྱིད། །
རྟ་ནོར་ལུག་ཤ་ཤེད་བཟང་ས་དང་། །
དཀར་འོ་མའི་རྒྱ་མཚོ་འཁྱིལ་ས་རེད། །
ས་གར་འགྲོ་ཟེར་ན་འདི་སོ་འགྲོ། །
རི་ཐང་ལྷའི་རྒྱ་སྒོ་མཇལ་ལ་འགྲོ། །
བྱང་གནམ་མཚོ་ཁོད་རྒྱ་ཡངས་ས་དང་། །
གངས་དཀར་པོ་གཅིག་སྣེ་གཅིག་མཐུད་རེད། །
ལུང་ཕའི་ཕུ་ལ་རྫོང་ཆེན་ཁྲ་མོ་ཆགས་ཡོད།
ཚེ་རིང་སྐྱིད་པའི་གླུ་ཆུང་གླུ་ཆུང་།
མཛེས་མོ་རྨ་བྱ་བརྒྱ་ཡའི་སྒྲོ་གུར།
ལུང་པའི་མདའ་ལ་སྤང་རྒྱན་མེ་ཏོག་ཚར་ཡོད།
སྤང་རྒྱན་མེ་ཏོག་སྤང་ལ་མཛེས་པར་ཤོག
ཚེ་རིང་སྐྱིད་པའི་གླུ་ཆུང་གླུ་ཆུང་།
གཞས་ཅི་འཁྲབ་ཟེར་ན་འདི་སོ་འཁྲབ། །
བྱང་དཔལ་མགོན་གཞས་ཆེན་མཉམ་དུ་འཁྲབ། །
སྟག་ཤར་བའི་རྡོག་བྲོ་ཁྲིག་སེ་ཁྲིག །
སྨན་བུ་མོའི་གླུ་ངག་སངས་སེ་སངས། །
གླུ་ཅི་ལེན་ཟེར་ན་འདི་སོ་ལེན། །
གླིང་གེ་སར་རྒྱལ་པོའི་གླུ་ཞིག་ལེན། །
འགྱུར་ཡག་ལེ་ཐ་ལ་དྲུག་འགྱུར་དང་། །
ཚིག་ཡག་ལེ་རྣ་བའི་བུ་རམ་རེད།
ལུང་ཕའི་ཕུ་ལ་རྫོང་ཆེན་ཁྲ་མོ་ཆགས་ཡོད།
ཚེ་རིང་སྐྱིད་པའི་གླུ་ཆུང་གླུ་ཆུང་།
མཛེས་མོ་རྨ་བྱ་བརྒྱ་ཡའི་སྒྲོ་གུར།