
སྤང་ལྗོངས་རྩྭ་ཐང་།
碧绿草原
ཚིག སྤྲོས་པ།
词:智巴
དབྱངས། པདྨ།
曲:班玛
བསྐྱར་ལེན་མཁན:དཀོན་མཆོག་སྐྱབས།
翻唱:贡曲乎加布
རོལ་མོ། ཚེ་རིང་བཀྲ་ཤིས།
编曲:才让扎西
སྒྲ་ལེན་པ། ཚེ་རིང་བཀྲ་ཤིས།
录音:才让扎西
སྔོ་ལྗང་གཡུ་ལོ་རྒྱས་པའི་རྩྭ་ཐང་། །
碧绿广袤的草原
རྟ་ནོར་ལུག་གསུམ་ཕྱུགས་ཀྱིས་གང་བའི། །
骏马牛羊皆成群
ཕྱུགས་རྫི་གཞོན་ནུའི་མཛེས་པའི་རྩེད་ར། །
稚嫩牧童的乐园
ད་ལྟ་དྲན་པའི་ཡུལ་ལས་མི་འདུག །
今剩模糊的残忆
ཚང་ཚིང་གཡུ་ལོ་རྒྱས་པའི་ཁྲོད་ན། །
郁郁葱葱的盛林
ཁུ་བྱུག་གཞོན་ནུའི་དབྱངས་དང་འགྲོགས་ནས། །
伴随优美的鸟声
སྙན་མོའི་གླུ་ཆུང་ལེན་པའི་རྩེད་དགའ། །
悠扬歌声的乐园
ད་ལྟ་དྲན་པའི་ཡུལ་ལས་མི་འདུག །
今剩模糊的残忆
སྐྱིད་པའི་ཕ་ཡུལ་མེ་ཏོག་སྨན་ལྗོངས། །
百花盛开的故乡
བདེ་བའི་ཕ་ཁྱིམ་སྦྲ་ནག་གྲུ་བཞི། །
和睦黑色的帐篷
བྱམས་པའི་ཨ་མའི་ནུ་ཞོ་མངར་མོ། །
恩重家母的温暖
ད་ལྟ་དྲན་པའི་ཡུལ་ལས་མི་འདུག
今剩模糊的残忆