
作词 : 曼拉杰甫
作曲 : 不丹民歌
ཆུ་ལེན་བུ་མོའི་དབུ་ལྕོག་ཀྲོགས་སེ་ཀྲོག
སྐྲ་ནག་ལན་བུའི་གཟི་འོད་ཀྱུགས་སེ་ཀྱུག
གོམ་ཆུང་ཁྲ་མོའི་འདེགས་འཇོག་ལྡེམས་སེ་ལྡེམ།
ཡིད་འོང་ལང་ཚོའི་འཇོ་སྒེག་ངོམས་སེ་ངོམ།
ཡིད་འོང་ལང་ཚོའི་འཇོ་སྒེག་ངོམས་སེ་ངོམ།
ཡིད་འོང་ལང་ཚོའི་འཇོ་སྒེག་ངོམས་སེ་ངོམ།
མག་མོག་ལམ་ཆུང་སྐྱ་མོ་དྲངས་སེ་དྲང་།
བུ་མོའི་རྣ་རྒྱན་ཁོ་ན་སིལ་སེ་སིལ།
སྙན་པའི་གཞས་ཆུང་ཐོག་མ་སིངས་སེ་སིང་།
སེམས་ན་རེ་སྨོན་གསར་བ་ལྷངས་སེ་ལྷང་།
སེམས་ན་རེ་སྨོན་གསར་བ་ལྷངས་སེ་ལྷང་།
སེམས་ན་རེ་སྨོན་གསར་བ་ལྷངས་སེ་ལྷང་།
ཆུ་མོ་གཟུགས་འཆར་མེ་ལོང་དྭངས་སེ་དྭངས།
ཉི་མ་དངུལ་ལྕོགས་ནང་ན་ཀྲིགས་སེ་ཀྲིག
ཉ་ཆུང་གསེར་མིག་འདྲོགས་ནས་འཁྱུགས་སེ་འཁྱུག
ཞོགས་པའི་རོལ་མོ་འདི་ན་ཤགས་སེ་ཤག
ཞོགས་པའི་རོལ་མོ་འདི་ན་ཤགས་སེ་ཤག
ཞོགས་པའི་རོལ་མོ་འདི་ན་ཤགས་སེ་ཤག
མདང་ནུབ་ཨ་ཇོའི་གསང་གཏམ་ཤུབས་སེ་ཤུབ།
ཆུ་ལེན་བུ་མོའི་ལུས་སེམས་དྲོད་སེ་དྲོ།
སྙིང་ཆུང་སྙིམ་པའི་མཐིལ་ན་ལྟོགས་སེ་ལྟོག
བུ་མོ་བུ་མོའི་གྲལ་ན་ལྷངས་སེ་ལྷང་།
བུ་མོ་བུ་མོའི་གྲལ་ན་ལྷངས་སེ་ལྷང་།
བུ་མོ་བུ་མོའི་གྲལ་ན་ལྷངས་སེ་ལྷང་།
བུ་མོ་བུ་མོའི་གྲལ་ན་ལྷངས་སེ་ལྷང་།