作词 : 德吉老爷
作曲 : 德吉老爷/旦旦
编曲 : 旦旦
混音棚:成都柚耳音乐Space
录音棚:成都柚耳音乐Space
女:
འུ་ཨོ་འུ། ཨོ་ཨོ་ཨོ་ཨོ་ཨོ།
男:
Hello བདེ་ལེགས་སམ།
ད་ལྟ་ས་ཆ་གང་དུ་བཞུགས་ཡོད་སྙིང་ཉེ་ཡ།
ཨོ། HeIlo བདེ་ལེགས་སམ།
མ་མཇལ་ཏག་ཏག་ལོ་ཞིག་འགོར་སོང་སྙིང་ཉེ་ཡ།
ད་ང་ལ་སྐད་ཆ་མང་པོ་བཤད་རྒྱུ་མེད།
རང་རང་སོ་སོར་ཁ་འབྲལ་དགོས་པའི་ལས་ལ་ཐུག་སོང་། ཡེ།
ད་ནས་བཟུང་སྙིང་གཏམ་མང་པོ་ལབ་ཡ་མེད།
ནམ་རེ་ནམ་རེ་ཕྱིར་དྲན་དགོས་པའི་དུས་ལ་སླེབས་སོང་། ཡེ།
女:
བདེ་འམ། བདེ་འམ། བདེ་འམ། བདེ་འམ།
འུ་ཧུ།
འདས་ཟིན་པའི་ལོ་ཟླ་ཀྱི་མིང་ལ་ཡང་མི་ཚེ་ཟེར།
合:
མི་ཚེ་ཟེར། ཡ།
女:
འུ་ཧུ།
བརྒྱུད་མྱོང་པའི་གཏམ་རྒྱུད་ཀྱི་མིང་ལ་ཡང་ལས་དབང་ཟེར།
ལས་དབང་། ལས་དབང་། ལས་དབང་། ལས་དབང་།
男:
ལས་དབང་ཟེར།
女:
རྟག་པར་འདོད་ཀྱང་མི་རྟག་པ་སྟེ་དབྱར་ཟླ་ལྟ་བུར་རྟག་མ་སོང་།
མཛེས་པ་དང་ནི་དགའ་བ་གང་ཡང་ནམ་མཁའི་འཇའ་ལྟར་རྟག་མ་སོང་།
རྟག་པར་འདོད་ཀྱང་མི་རྟག་པ་སྟེ་དབྱར་ཟླ་ལྟ་བུར་རྟག་མ་སོང་།
མཛེས་པ་དང་ནི་དགའ་བ་གང་ཡང་ནམ་མཁའི་འཇའ་ལྟར་རྟག་མ་སོང་།
男:
ཡོ།
མོ་ཊའི་ནང་དུ་གསར་དུ་བརྩམས་པའི་གཞས་ཤིག་བཏང་བ་དེས།
འདས་ཟིན་པའི་ལོ་ཟླ་ཞིག་ལ་རྗེས་དྲན་བྱས།
སྒེའུ་ཁུང་ཕྱི་རོལ་ཏུ་ལག་པ་བསྲིངས་པས་སྐྱོ་སྣང་ཙམ་བྱུང་།
མདུན་ཕྱོགས་ཀྱི་ལམ་ལ་མིག་མཐའ་བྲལ།
དེ་ནི་ང་ཚོའི་རེ་སྨོན་གྱི་རྒྱང་རིང་ཡིན།
སྤྲིན་ནག གློག་དམར། ད་དུང་འཇའ་ཚོན། ཡོད་ཚད་དེ་རུ་འདུས།
དེ་ནི་ང་ཚོས་འཚོལ་བཞིན་པའི་རྒྱང་རིང་ཡིན།
དགའ་སྤྲོ། སྐྱོ་བ། ད་དུང་མི་རྟག་པ། ཡོད་ཚད་དེ་རུ་འདུས།
ང་ཚོ་གནས་དེ་ནས་དམ་དུ་འཁྱུད།
ང་ཚོས་གནས་དེ་རུ་མཆི་མ་བཏོན།
ང་ཚོ་ཚང་མ་གནས་དེའི་འགྲུལ་བ་རེད། ལ།
ང་ཚོ་འང་ཕན་ཚུན་གྱི་མགྲོན་པོ་རེ་ཡིན།
ཡ། ང་ལ་ཅི་ཞིག་བསྐྱུར་དགོས་པའི་བསམ་ཚུལ་ཅི་ཡང་མེད་པ་བཞིན།
ང་ཚོས་ཀྱང་སྔོན་ནས་བཟུང་ཅི་ཡང་འཁྱེར་ཡོང་ཐུབ་མེད།
ཡ། ང་ལ་ཅི་ཞིག་བསྐྱུར་དགོས་པའི་བསམ་ཚུལ་ཅི་ཡང་མེད་པ་བཞིན།
ང་ཚོས་ཀྱང་སྔོན་ནས་བཟུང་ཅི་ཡང་འཁྱེར་ཡོང་ཐུབ་མེད།
女:
འུ་ཧུ།
འདས་ཟིན་པའི་ལོ་ཟླ་ཀྱི་མིང་ལ་ཡང་མི་ཚེ་ཟེར།
合:
མི་ཚེ་ཟེར། ཡ།
女:
འུ་ཧུ།
བརྒྱུད་མྱོང་པའི་གཏམ་རྒྱུད་ཀྱི་མིང་ལ་ཡང་ལས་དབང་ཟེར།
ལས་དབང་། ལས་དབང་། ལས་དབང་། ལས་དབང་།
ལས་དབང་ཟེར།
རྟག་པར་འདོད་ཀྱང་མི་རྟག་པ་སྟེ་དབྱར་ཟླ་ལྟ་བུར་རྟག་མ་སོང་།
མཛེས་པ་དང་ནི་དགའ་བ་གང་ཡང་ནམ་མཁའི་འཇའ་ལྟར་རྟག་མ་སོང་།
རྟག་པར་འདོད་ཀྱང་མི་རྟག་པ་སྟེ་དབྱར་ཟླ་ལྟ་བུར་རྟག་མ་སོང་།
མཛེས་པ་དང་ནི་དགའ་བ་གང་ཡང་ནམ་མཁའི་འཇའ་ལྟར་རྟག་མ་སོང་།
男:
Hello བདེ་ལེགས་སམ།
ད་ལྟ་ས་ཆ་གང་དུ་བཞུགས་ཡོད་སྙིང་ཉེ་ཡ།
ཨོ། HeIlo བདེ་ལེགས་སམ།
མ་མཇལ་ཏག་ཏག་ལོ་ཞིག་འགོར་སོང་སྙིང་ཉེ་ཡ།
ད་ང་ལ་སྐད་ཆ་མང་པོ་བཤད་རྒྱུ་མེད།
རང་རང་སོ་སོར་ཁ་འབྲལ་དགོས་པའི་ལས་ལ་ཐུག་སོང་། ཡེ།
ད་ནས་བཟུང་སྙིང་གཏམ་མང་པོ་ལབ་ཡ་མེད།
ནམ་རེ་ནམ་རེ་ཕྱིར་དྲན་དགོས་པའི་དུས་ལ་སླེབས་སོང་། ཡེ།
女:
བདེ་འམ། བདེ་འམ། བདེ་འམ། བདེ་འམ།
འུ་ཧུ།
འདས་ཟིན་པའི་ལོ་ཟླ་ཀྱི་མིང་ལ་ཡང་མི་ཚེ་ཟེར། མི་ཚེ་ཟེར།
合:
མི་ཚེ་ཟེར། ཡ།
女:
འུ་ཧུ།
བརྒྱུད་མྱོང་པའི་གཏམ་རྒྱུད་ཀྱི་མིང་ལ་ཡང་ལས་དབང་ཟེར།
男:
Hello བདེ་ལེགས་སམ།
ད་ལྟ་ས་ཆ་གང་དུ་བཞུགས་ཡོད་སྙིང་ཉེ་ཡ།
女:
རྟག་པར་འདོད་ཀྱང་མི་རྟག་པ་སྟེ་དབྱར་ཟླ་ལྟ་བུར་རྟག་མ་སོང་།
