
作曲 : 索当珠
编曲 : 索当珠
ཡོངས་འཛིན་བླ་མའི་བརྒྱ་སྟོན་བསུ་བའི་གླུ།
ཚིག རྨ་རོང་ཚུལ་ཁྲིམས་རྒྱ་མཚོ།
གཞས་དབྱངས། སོག་སྟག་འབྲུག
གཞས་པ། སོག་སྟག་འབྲུག
བོན་མདོ་སྔགས་ཀྱི་བརྒྱུད་པ་འཛིན་མཁན།
རྗེ་སྨན་རི་བའི་ཡོངས་འཛིན་ཆེན་མོ།
སྐུ་མཚན་དཔེ་ཡི་ཉི་མ་ཤར་བའི།
ལོ་བརྒྱ་ཕྲག་གི་དུས་བཟང་ཚེས་སོང་།
བླ་མ་ལགས། རྟེན་འབྲེལ་ཆེ། བྱིན་རླབས་ཞུ།
དུས་གཉན་འཕྲང་གི་མགོ་ལོ་རྒོད་དུས།
བྱམས་སྙིང་རྗེ་ཡི་གོ་ཆ་བགོས་ཏེ།།
བོན་ཡང་དར་གྱི་སྒྲོན་མེ་སྤར་མཁན།
ལྷོ་འཛམ་གླིང་གི་མི་ནུབ་རྒྱལ་མཚན།
བླ་མ་ལགས། བཀའ་དྲིན་ཆེ། གསོལ་བ་འདེབས།
ས་ཆེན་པོ་ཡི་ཕྱོགས་མཚམས་ཀུན་ཏུ།།
བོན་ཐེག་དགུ་ཡི་བཀའ་འཁོར་བསྐོར་ནས།
ལོ་བརྒྱ་ཕྲག་གི་རྟེན་འབྲེལ་འཛོམས་པར།།
ཁ་སྨོན་ལམ་གྱི་བསྟོད་གླུ་འབུལ་ལོ།།
བླ་མ་ལགས། སྐུ་ཚེ་རིང་། ཁྲི་ལོར་བརྟན།