
作词 : 三佰东主
作曲 : 三佰东主
编曲 : 三佰东主
རྟག་བརྟན་གྱི་དམ་ཚིག
永恒的承诺
ཚིག་རྩོམ་མཁན། གཙང་ཆོས།
作词:藏曲
དབྱངས་རྩོམ་མཁན། བསམ་པའི་དོན་འགྲུབ།
作曲:三佰东主
ལེན་མཁན། བསམ་པའི་དོན་འགྲུབ།
演唱:三佰东主
ཁྱོས་ང་གང་གི་ཡིན་པ་རྩད་གཅོད་མི་དགོས།
你不必打问我来自何方
རིགས་དང་རུས་པ་བརྩེ་བའི་འགལ་རྐྱེན་མ་ཡིན།
族群与血缘不能阻止相爱
ངས་ཁྱོད་ཅི་ལྟར་འཚར་བ་ཤེས་དགོས་མི་འདུག
我也不问你的出身如何
འདས་པའི་དོན་ཀྱིས་འབྱུང་འགྱུར་ལོ་ཟླ་མི་ཁེབས།
过往不能左右未来
དེ་ན་འུ་གཉིས་ད་ལྟ་འདི་ནས་ཆས་ཏེ།
你我即刻奔赴
བདེ་བའི་མཚོ་ལ་གཟིངས་ཆེན་གཏོང་རྒྱུ་བྱུང་ན།
坠入爱河之中
ཨོ~ཚེ་རབས་ལས་ཀྱི་འདུན་མ།
噢~此生的愿望
འགྱུར་བ་མེད་པའི་དམ་ཚིག
不变的承诺
འུ་གཉིས་ཉི་ནུབ་ཀློང་ནས་ཕན་ཚུན་བསྙེས་ཏེ།
在夕阳下你我肩并肩
སྐྱེ་བ་འདི་ཡི་གཏམ་རྒྱུད་མཐའ་དག་གླེང་ཆོག
畅谈此生的点滴
འུ་གཉིས་རྐང་བ་རྗེན་པར་སྤང་ལ་བརྒྱུག་ནས།
你我赤脚奔跑在草原
ན་ཆུང་དུས་ཀྱི་འདས་སོང་གཙང་བོའང་བརྒལ་ཆོག
踏过儿时的河流
འུ་གཉིས་རི་དྭགས་བཞིན་དུ་ཆོས་ཉིད་གསེབ་ནས།
像那野生的动物
བྲོས་ཤིང་གཞོལ་ཏེ་སོ་སོའི་སེམས་ལ་གཞའ་ཆོག
在彼此心里捉迷藏
ཨོ~འགྱུར་བ་མེད་པའི་དམ་ཚིག
噢~不变的承诺
ཐོད་པའི་ཨ་ཡིག་རང་བྱོན།
如刻骨铭心
བརྩེ་བའི་ལས་འཕྲོ་འདི་ཡི་མཇལ་འཛོམས་ཆེད་དུ།
为今生相遇之缘
ང་ཡིས་སྐྱེ་བ་འདི་ལ་དྲན་པ་གཉིས་བརྗེས།
我换了两次记忆
ལས་ཀྱི་བསྐོས་ཐང་འདི་ཡི་ལྷན་འཛོམས་སླད་དུ།
为今世相爱之情
ཁྱོད་ཀྱིས་ཚེ་ཐོག་འདི་ལ་དབང་འབྱོར་གཉིས་བསྐྱུར།
你放弃荣华富贵
ད་ནི་འུ་གཉིས་སོ་སོའི་སེམས་ལ་ཁེན་ནས།
至此你我心心相印
ཕན་ཚུན་ཟུང་གི་ལག་པ་ཚེ་འདིར་མི་གཏོང་།
此生永不松手
ཨོ~ ཐོད་པའི་ཨ་ཡིག་རང་བྱོན།
噢~刻骨铭心之爱
ཚེ་སྔོན་ལས་ཀྱི་ཐམ་ཀ
前世修来之福
ཚེ་སྔོན་ལས་ཀྱི་ཐམ་ཀ
前世修来之福