
ཚིག ཨ་ཉི་རྡོར་བྷ།
དབྱངས། རྨ་གླིང་ལྷུན་གྲུབ།
ཁྱོད་ཤོག་དང་འུ་ཚང་འདི་ན་ཡོད།
ཁྱོད་ཤོག་དང་འུ་ཚང་སྟོད་ན་ཡོད།
སྟོད་མངའ་རིས་སྐོར་གསུམ་ཡུལ་ན་ཡོད།།
གངས་ཏི་སའི་དབུ་རྩེ་དཀར་ལམ་མེར།།
མཚོ་མ་ཕམ་གཡུ་མཚོ་སྔོ་ཤིག་སེ།
ཁྱོད་ཤོག་ར་འུ་ཚང་འདི་ན་ཡོད།
ཡོང་མི་ཤེས་ས་ཟིག་ཅང་ར་མེད།།
མྱི་སྨུག་པོའི་གདོང་ཞིག་འཐེན་ན་ཤོག
ཁྱོད་ཤོག་དང་འུ་ཚང་བར་ན་ཡོད།།
བར་དབུས་གཙང་རུ་བཞི་ཡུལ་ན་ཡོད།།
དབུས་ཇོ་བོའི་རྒྱ་ཕིབ་སེར་ལམ་མེར།།
གནས་བརྗིད་ཆགས་ཕོ་བྲང་བརྟན་ཤིག་སེ།།
ཁྱོད་ཤོག་ར་འུ་ཚང་འདི་ན་ཡོད།
ཡོང་མི་ཤེས་ས་ཟིག་ཅང་ར་མེད།།
ཆོས་དཀར་བོའི་ལམ་ཞིག་འཐེན་ན་ཤོག
ཁྱོད་ཤོག་དང་འུ་ཚང་སྨད་ན་ཡོད།།
སྨད་མདོ་ཁམས་སྒང་དྲུག་ཡུལ་ན་ཡོད།།
ཡུལ་ཙོང་ཁ་སྡེ་ཁམས་ཁྲ་ལམ་མེར།།
ཐང་གཡེར་མོའི་གཞོངས་བ་སྣུམ་ཤིག་སེ།།
ཁྱོད་ཤོག་ར་འུ་ཚང་འདི་ན་ཡོད།
ཡོང་མི་ཤེས་ས་ཟིག་ཅང་ར་མེད།།
རྟ་བང་རྩལ་ཅན་ཞིག་འཐེན་ན་ཤོག