
作曲 : 索当珠
编曲 : 索当珠
ཡིད་མཐུན་བུ་མོ།
ཚིག་ ཟླ་གསལ།།
དབྱངས་ སོག་སྟག་འབྲུག
གླུ་བ་ སོག་སྟག་འབྲུག
མདོ་སྨད་ཁྲི་ཤོར་རྒྱལ་མོར།།
མཚོ་སྐོར་མཉམ་དུ་བྱེད་པའི།།
བརྩེ་གྲོགས་ཡིད་མཐུན་བུ་མོ།།
བརྩེ་བ་ཁྱེད་ལ་བཞག་ཡོད།།
བརྩེ་གྲོགས་ཡིད་མཐུན་བུ་མོ།།
བརྩེ་བ་ཁྱེད་ལ་བཞག་ཡོད།།
དབུས་གཙང་ཉི་མ་ལྷ་སར།།
གནས་སྐོར་མཉམ་དུ་བྱེད་པའི།།
བརྩེ་གྲོགས་ཡིད་མཐུན་བུ་མོ།།
སྨོན་ལམ་ཁྱེད་ལ་བཏབ་ཡོད།།
བརྩེ་གྲོགས་ཡིད་མཐུན་བུ་མོ།།
སྨོན་ལམ་ཁྱེད་ལ་བཏབ་ཡོད།།
ཁམས་སྟོད་གཙང་གསུམ་ཆུ་མགོར།།
ཡུལ་སྐོར་མཉམ་དུ་བྱེད་པའི།།
བརྩེ་གྲོགས་ཡིད་མཐུན་བུ་མོ།།
སེམས་པ་ཁྱེད་ལ་གཏད་ཡོད།།
བརྩེ་གྲོགས་ཡིད་མཐུན་བུ་མོ།།
སེམས་པ་ཁྱེད་ལ་གཏད་ཡོད།།