
作词 : 高原圣雪音乐策划
作曲 : 高原圣雪音乐策划
编曲 : 高原圣雪音乐策划
ཐུགས་བལ་དཀར་འདྲ་བའི་ན་ཆུང་མ།
ས་གཡལ་མེ་ཏོག་སྒང་ལམ་དུ།
ལུག་འཚོ་སའི་རི་ལུང་མི་གཅིག་རུང།
ཁ་ཚིག་གསུམ་ཞུས་ན་ཨེ་ཆོག་གི།
ཨ་རོགས་ཡེ་་་་རྫི་རོགས་བུ་མོ།
ང་ཅང་མེད་བུ་ལོའི་སེམས་གཏིང་ན།
ཁྱོད་ཟླ་ཟོད་བཞིན་དུ་མཛེས་ཤིང་སྡུག།
མིག་སྐར་ཆེན་འདྲ་བའི་ན་ཆུང་མ།
བཙག་བསེར་བུའི་ཆོད་པའི་རྫ་ལུང་དུ།
རུ་འབབ་སའི་འཆར་ས་མི་གཅིག་རུང།
ཞེ་སྣང་བ་གླེང་ན་ཨེ་དྲག་གི།
ཨ་རོགས་ཡེ་་རྫི་རོགས་བུ་མོ།
ང་ཁེར་རུང་གུ་ལོའི་ཕྱི་ནང་ན།
ཁྱོད་ཁུ་ལོ་བཞིན་དུ་སྙན་ཞིང་འཇེབས།
གཟུགས་མདའ་སྨྱུག་འདྲ་བའི་ན་ཆུང་མ།
ཕྱགས་དཀར་ནག་འདྲེས་མའི་འབྲོག་ཐང་དུ།
ཡུལ་འགྲོ་སའི་རུ་ལམ་མི་གཅིག་རུང།
སེམས་སྙིང་གཏམ་བཤད་ན་ཨེ་རློམ་གི
།ཨ་རོགས་ཡེ་་་རྫི་རོགས་བུ་མོ།
ར་འཁྱམ་པོའི་བུ་ལོའི་རྨི་ལམ་ན།
ཁྱོད་བལ་དཀར་བཞིན་དུ་འཇམ་ཞིང་ལྷོད།