
བོད་ཡུལ་ལ་ལོག
གླུ་གར་གྱི་རྒྱ་མཚོ་འདི་ན་ཡོད།
བོད་ཡུལ་ལ་ལོག
གླིང་དཔའ་བོ་གེ་སར་རྒྱལ་བོའི་ངོ་མཚར་ལ་ཉན་།
གནའ་བོའི་ོབོད་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་།
གནས་འདི་ཡི་ཕོ་རྒོད་དཔའ་རྩལ་ལྡན་ས།
ཁོག་བརྒྱ་ཆེ་ས།
དབང་ཐང་དར་ས།
གནས་འདི་ཡི་བུ་མོ།
སྐྱེ་གཟུགས་མཛེས་ས
བསམ་པ་བཟང་ས།
སེམས་པ་དཀར་ས།
མཐའ་མེད་རྩྭ་ཐང་དཔའ་ཐང་མཇའ་ཐང་།
རྟ་ནོར་ལུག་གསུམ་གྱི་འཚོ་གནས།
བུ་ངའི་སེམས་ཀྱི་ཁྱིམ་གཞིས་།
འབྲོག་གླུ་སང་སང་རི་ནས་གྲགས་དུས།
ངའི་སེམས་དབང་མེད་བོད་ཡུལ་ལ་ལུས།
བོད་ཡུལ་ལ་ལོག
གླུ་གར་གྱི་རྒྱ་མཚོ་འདི་ན་ཡོད།
བོད་ཡུལ་ལ་ལོག
གླིང་དཔའ་བོ་གེ་སར་རྒྱལ་བོའི་ངོ་མཚར་ལ་ཉན་།
གནའ་བོའི་ོབོད་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་།
གནས་འདི་ཡི་ཕོ་རྒོད་དཔའ་རྩལ་ལྡན་ས།
ཁོག་བརྒྱ་ཆེ་ས།
དབང་ཐང་དར་ས།
གནས་འདི་ཡི་བུ་མོ།
སྐྱེ་གཟུགས་མཛེས་ས
བསམ་པ་བཟང་ས།
སེམས་པ་དཀར་ས།
མཐའ་མེད་རྩྭ་ཐང་དཔའ་ཐང་མཇའ་ཐང་།
རྟ་ནོར་ལུག་གསུམ་གྱི་འཚོ་གནས།
བུ་ངའི་སེམས་ཀྱི་ཁྱིམ་གཞིས་།
འབྲོག་གླུ་སང་སང་རི་ནས་གྲགས་དུས།
ངའི་སེམས་དབང་མེད་བོད་ཡུལ་ལ་ལུས།
ང་ཡིན་པ་བོད་ཀྱི་བུ་ཡིན་།
ངའི་སེམས་པ་བོད་ལ་ལུས་ཡོད།
ཁ་བ་ཅན་ལ་གླུ་ཞིག་ཕུལ་ཡོད།
ང་ཡིན་པ་བོད་ཀྱི་བུ་ཡིན་།
ངའི་སེམས་པ་བོད་ལ་ལུས་ཡོད།
ཁ་བ་ཅན་ལ་གླུ་ཞིག་ཕུལ་ཡོད།
ལས་རླུང་རྟ་དར་བའི་རྟེན་འབྲེལ་ཞུས་ཡོད།