
作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ ཁ་ཆད། ༽
ཚིག་ གཙང་ལྕེ།
གདངས་ རྭ་སྒྲེང་སྐལ་བཟང།
གཞས་པ་ ཚེ་དོན་དང་ནོར་བུ་རྡོ་རྗེ།
གཞས་ཚིག་སྒྲིག་བཟོ་འགྲེམ་སྤེལ་ སྒང་ · ལྷག་རྒོད།
ང་བུ་ཆུང་འགྲོ་ས་གཞན་ཡུལ་རེད།
དྲིན་ཕ་མ་བཞུགས་ས་རང་ཡུལ་རེད།
ལས་ངན་པའི་བར་ཆད་མ་བྱུང་ན།
སྐྱིད་རང་ཡུལ་ས་ལ་འཛོམས་རྒྱུ་བྱས།
ལས་ངན་པའི་བར་ཆད་མ་བྱུང་ན།
སྐྱིད་རང་ཡུལ་ས་ལ་འཛོམས་རྒྱུ་བྱས།
བོད་གཞས་གསར་པར་བཀའ་དྲིན་ཆེ།
ཁྱེད་དམན་ཆུང་སྡོད་ས་ཁྱིམ་ལ་རེད།
ངེད་སྟག་ཤར་འགྲོ་ས་རྒྱལ་ཁམས་རེད།
སེམས་བསམ་པའི་འགྱུར་བ་མ་བྱུང་ན།
གཞིས་གཡང་ཁྱིམ་འདི་རུ་འཛོམས་རྒྱུ་བྱས།
སེམས་བསམ་པའི་འགྱུར་བ་མ་བྱུང་ན།
གཞིས་གཡང་ཁྱིམ་འདི་རུ་འཛོམས་རྒྱུ་བྱས།
གླུ་གཞས་འགྲེམ་སྤེལ་ སྒང་ · ལྷག་རྒོད།
བྱ་ཁུ་བྱུག་འཕུར་ས་མོན་ཡུལ་རེད།
བྱིའུ་འཇོལ་མོ་སྡོད་ས་བོད་ཡུལ་རེད།
ལུས་གཤོག་རྩལ་གནོད་པ་མ་བྱུང་ན།
དཔྱིད་དཔལ་མོ་ཤར་དུས་འཛོམས་རྒྱུ་བྱས།
ལུས་གཤོག་རྩལ་གནོད་པ་མ་བྱུང་ན།
དཔྱིད་དཔལ་མོ་ཤར་དུས་འཛོམས་རྒྱུ་བྱས།
ལུས་གཤོག་རྩལ་གནོད་པ་མ་བྱུང་ན།
དཔྱིད་དཔལ་མོ་ཤར་དུས་འཛོམས་རྒྱུ་བྱས།
滚动歌词贡献者:岗 • 拉贵