
作词 : 玛曲尼曾巴
作曲 : 科才·才让扎西
སྨྲེང་བའི་དྲན་གདུང་།
相思苦
ཚིགརྨ་ཆུའི་སྙུག་འཛིན་པ།
作词:玛曲尼曾巴
དབྱངས། དམངས་ཁྲོད།ལེན་མཁན། བཀྲ་ཤིས་རྒྱ་མཚོ།
演唱:扎西加措
རོལ་མོ་ཁོ་ཚེ་ཚེ་རིང་བཀྲ་ཤིས།
编曲:科才才让扎西
དགུན་ཁ་བ་ལྷབ་ལྷུབ་འབབ་དུས། །
ཞེ་སྨྲེང་ནོ་སྨུག་ཆུང་ཤྭ་ཡིན། །
རི་མཐོན་པོའི་འཕྲང་ལམ་བརྒྱུད་ན། །
རྣ་དཀྲོག་གེ་ཡུ་མོ་དྲན་འགི །
~
ཆུ་གཙང་བོར་འགྲམ་དར་ཆགས་ན། །
ཞེ་སྨྲེང་ནོ་མཚོ་ཁའི་བྱ་ཡིན། །
ལྷོ་མོན་ཡུལ་འགྲིམ་དགོས་ཐུག་དུས། །
སྒྲོ་སྨུག་གེ་ངང་ཆུང་དྲན་འགི །
~
སྟོན་འགོ་མའི་སད་སེར་ཀློང་ན། །
ཞེ་སྨྲེང་ནོ་སེར་ཆེན་མེ་ཏོག །
ལུས་འདབ་མ་ལྷུང་དགོས་བྱུང་དུས། །
གཉོམ་དུང་ངེ་སྦྲང་ཆུང་དྲན་འགི །
~
ལས་མི་རྟག་འཁོར་བའི་གྲོང་ནས། །
ཞེ་སྨྲེང་ནོ་འདང་ཆེན་རོགས་ཡིན། །
གཞི་གཅིག་གི་ཁ་ཆད་བསམ་ན། །
སེམས་སྟོང་ངེ་རོགས་ལོ་དྲན་འགི །