作曲 : 尕尔东
编曲 : 尕尔东
ངས་རང་གི་ལག་ཟུང་གི་ནང་དུ
ཁྱོད་ཀྱི་ཕ་ཡུལ་བྲིས
སྐར་མའི་ཕྲ་རྒྱན་བཏབ་པའི
དབྱར་གཞུང་གི་མཚན་མོ་བྲིས
ངས་རང་གི་རྨི་ལམ་གྱི་ནང་དུ
ཁྱོད་ཀྱི་མིག་ཟུང་བྲིས
སྨྲེང་བའི་ནགས་ཚལ་སྐྱེས་པའི
ཐག་རིང་གི་འབྲོག་སྡེ་བྲིས
ངས་རྒྱང་རིང་ནས་ཕྱིར་ལོག་ཐབས་མེད་པའི་ཁྱོད་ལ
ང་རང་གི་ཕ་ཡུལ་བསྐུར
ངས་ཐག་རིང་ནས་ཕྱིར་ལོག་ཐབས་མེད་པའི་ཁྱོད་ལ
ང་རང་གི་ཕ་ཡུལ་བསྐུར
ངས་རང་གི་ལག་ཟུང་གི་ནང་དུ
ཁྱོད་ཀྱི་གདུང་བ་བྲིས
སྤྲིན་པ་ལྟར་གཡོ་ཞིང་འཕྱོ་བའི
ཁྱོད་རང་གི་སྐྱིད་སྡུག་བྲིས
ངས་རང་གི་རྨི་ལམ་གྱི་ནང་དུ
ཁྱོད་ཀྱི་དྲན་པ་བྲིས
འཇའ་ཚོན་ལྟར་རྟག་ཏུ་མེད་པའི
ཁྱོད་ཀྱི་གཞིས་ཀ་བྲིས